e-texts navigator
Collection
Volume
Page
Wylie

60b1 པ། སྟེང་གི་ཕྱོགས་སུ་ཧཱུཾ་ཞེས་བསྐྱེད་པས། ཧཱུཾ་ཀཱ་ར་སྟེང་གི་ཕྱོགས་ནས་བབས་ཏེ་ཐོ་བ་དང་ལྕགས་ཀྱུ་བླངས་ཏེ་བྱང་དུ་བདུད་རྩི་འཁྱིལ་པ་ལ་གོང་བཞིན་དུ་གཏད་ནས་སྟོན་པ་ལ་ཐོ་བ་དང་ལྕགས་ཀྱུ་སླར་ཕུལ་ཏེ།
60b2 སྟེང་གི་ཕྱོགས་ན་གོང་དུ་བཏབ་པ་བཞིན་དུ་འཁོད་དོ།། དེ་ནས་ཞེ་སྡང་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་ལ་བཞུགས་ཏེ་རྡོ་རྗེ་ཐོ་བ་ཐོགས་ནས་འདི་སྐད་དོ།། རྡོ་རྗེ་ཐོ་བ་ཕྱག་བསྣམས་མཆོག། གནོད་མཛེས་རྒྱལ་པོ
60b3 རྣམ་པར་བསྒོམ།། ཧཱུཾ་བརྗིད་འབར་བའི་བལྟ་བ་ཡིན།། བགེགས་རྣམས་ཐམས་ཅད་ཕུར་པས་བཏབ།། བཛྲ་ཙཀྲ་ཛི་ན་ཏིཀྟ་ཀྲོ་དྷ་ཧ་ན་ཧཱུཾ་ཕཊ་ཞེས་བརྗོད་ནས། ཞབས་རྡོ་རྗེའི་འགྲོས་ཀྱི་ཚམ་རྔམས་མཛད
60b4 ནས། ཐུགས་ཀ་ནས་ཁྲོ་ཆུང་མང་པོ་མཚོན་ཆ་འབར་བ་སྐར་མདའ་འཁྲུགས་པ་བཞིན་དུ་བྱུང་བས་ཁྲོ་བཅུའི་བར་དང་གོ་མཚམས་དང་གོ་དམིགས་ཐམས་ཅད་ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་ཕྱག་ན་མཚོན་ཆ་མང་པོ
60b5 བསྣམས་པ། ཆེ་བ་དང་ཆུང་བ་གྲངས་བསམ་གྱིས་མི་ཁྱབ་པ། བར་མཚམས་དང་གོ་དམིགས་ཐམས་ཅད་བཀང་སྟེ། ཐ་ན་ཁབ་ཀྱི་རྩེ་མོ་ཙམ་ཡང་གཟུགས་པའི་ས་མེད་པར་གྱུར་ཏེ། དེ་ཡང་ཁྲོ་བོ་གནོད་མཛེས་ཀྱི
60b6 ཤངས་འབར་བ་དང་། བ་སྤུའི་བུ་ག་ནས་རཾ་དམར་པོ་འབར་བའི་ཚ་ཚ་མགལ་བུ་དུམ་བུ་ཚིག་པ་ལྟར་བབས་ནས་འདི་སྐད་དོ།། ཕྱོགས་མཚམས་ཀུན་ཏུ་རྡོ་རྗེའི་མེ།། རྣམ་པར་འཕྲོ་བ་རབ་བསམས་ཏེ།། མ་རུངས་པ




iiif viewer powered by OpenSeadragon

60a - 61a

Texts on this page

Gpb017.002 - rdo rje gzi ldan 'bar ba'i rgyud