| | e-texts navigator
|
59b1 ཧཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་པདྨནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཡ་མཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་བིགྷྣཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཨཱརྱ་ཨ་ཙ་ལ་བཛྲ་ཧཱུཾ་ཕཊ། ཨོཾ་ནཱི་ལ་དཎྜ་བཛྲ་ཧཱུཾ་ཕཊ། ཨོཾ་ཊཀྐི་རཱ་ཛ་བཛྲ་མ
59b2 ཧ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བ་ལ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཀ་མ་ལ་ཀུཎྜ་ལི་བཛྲ་མ་ཧ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཤྲཱི་བཛྲ་ཧཱུཾ་ཀ་ར་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཞེས་བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས་བསྐུལ་ནས། ཤར་དུ་རྣམ་པར་རྒྱལ
59b3 བའམ་དཔལ་ལྡན་གཞན་གྱིས་མི་ཐུབ་པ། ལྷོར་གཤིན་རྗེའི་གཤེད་པོ། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་པ། ཤར་ལྷོར་དབྱུག་པ་སྔོན་པོ། ལྷོ་ནུབ་ཏུ་མི་གཡོ་མགོན་པོ། ནུབ་བྱང་དུ་འདོད་པའི་རྒྱལ་པོ།
59b4 བྱང་ཤར་དུ་སྟོབས་པོ་ཆེ། འོག་ཏུ་ཁམས་གསུམ་རྣམ་པར་རྒྱལ་བའམ་པདྨ་འཁྱིལ་པ། སྟེང་གི་ཕྱོགས་སུ་ཧཱུཾ་ཀ་ར་སྟེ། ཁྲོ་བོ་ཆེན་པོ་བཅུ་པོ་འདི་དག་ཀྱང་། ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་དང་ཕྱག་མཚན་རྒྱན
59b5 དང་ཆ་ལུགས་ལ་སོགས་པ། ཇི་ལྟར་མཛོད་ལས་བྱུང་བ་བཞིན་འཐོན་ཏེ་ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པའི་སྟེང་ན་སེངྒེ་རྣམ་པར་རོལ་པའི་ཚུལ་གྱིས་བཞུགས་པ་ལས། ཞེ་སྡང་རྒྱལ་པོས་ཡང་སྟེང་གི་ཕྱོགས
59b6 ནས་ཧཱུཾ་ཀཱ་ར་ལ་བཀའ་སྩལ་ནས། ཐོ་བ་དང་ལྕགས་ཀྱུ་གཏད་ནས་ཕྱོགས་བཅུའི་ཁྲོ་བོ་རྣམས་ལ་ཕུར་པ་ཐོབ་ཅིག་ཅེས་བསྒོའོ།། ཧཱུཾ་ཀ་རས་བདུད་རྩི་འཁྱིལ་པ་ལ་དེ་བཞིན་དུ་བསྒོ་ནས། བདུད་རྩི་འཁྱིལ་པས་དེ
iiif viewer powered by OpenSeadragon
59a - 60a