| | e-texts navigator
|
59a1 ནེ་གནས་པས། མ་རིག་པའི་མུན་པ་ཐམས་ཅད་དུས་གཅིག་ཏུ་སྟོངས་ཏེ། ཡེ་ཤེས་གསལ་བའི་འོད་གསལ་ཕྱོགས་བཅུར་བརྡལ་ལོ།། དེ་ནས་ཞེ་སྡང་རྡོ་རྗེ་ཁྲོ་བོ་འདུས་པའི་ཐུགས་ཀ་ནས། སྨོན་ལམ
59a2 ལས་གྲུབ་པའི་ཁྲོ་བོ་རྣམས་ཧཱུཾ་བཅུར་སྤྲུལ་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། གཟུགས་ཆེན་འབར་བས་འཇིགས་བྱེད་པའི། ཁྲོ་བོ་བཅུ་དང་ཕྱུང་ནས་ནི།། ཧཱུཾ་ལས་བསྐྱེད་པའི་ཉི་མའི་སྟེང་།། སྐུ་སྟོད་ཞལ་གསུམ
59a3 ཕྱག་ཀྱང་དྲུག། སྐུ་སྨད་ལྕགས་པུར་ཟུར་གསུམ་པ།། ཕྱོགས་བཅུའི་དཀྱིལ་འཁོར་ཕྱོགས་རྣམས་སུ།། རིམ་པ་བཞིན་དུ་ཀུན་ཏུ་གནས།། བགེགས་རྣམས་ཐམས་ཅད་བཤིག་པའི་ཕྱིར།། གནོད་མཛེས་བཀའ་སྩལ
59a4 ཕུར་པས་གདབ།། བརྗིད་པའི་ཚུལ་གྱིས་བསྒྱིངས་པ་སྟེ།། འབར་འཕྲོས་རལ་པ་གྱེན་དུ་བརྫེས།། མི་བཟད་འབར་བའི་འཇིགས་པར་གནས།། ཞེས་བརྗོད་ནས། ཧཱུཾ་བཅུ་ཐམ་པ་ལ་ཆོ་ག་གསུམ་གྱིས། ཨོཾ་ཡ་མཱནྟ་ཀྲྀཏ
59a5 བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ་ཞེས་བསྐྱེད་པ་རྐྱེན་གྱིས་སྔགས་ཀྱིས་བསྐུལ་ནས། ཤར་ཕྱོགས་བརྒྱ་བྱིན་ཕོ་མོའི་སྟེང་དུ། ཁྲོ་བོ་གཤིན་རྗེའི་གཤེད་པོ། སྟོད་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ། སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ
59a6 པ། ངོས་གསུམ་ལ་ཐུགས་ཀྱི་ཧཱུཾ་གསུམ་པ། ཟུར་གསུམ་ལ་དྲག་པོས་འཇོམས་པའི་ཕཊ་གསུམ་དང་ལྡན་པ། སྐུ་མདོག་དང་ཕྱག་མཚན་ཇི་ལྟར་མཛད་ཀྱི་ཏནྟྲ་ལས་འབྱུང་བ་བཞིན་དུ་གྱུར་ཏོ།། ཨོཾ་པྲཛྙཱནྟ་ཀྲྀཏ་བཛྲ་མ
iiif viewer powered by OpenSeadragon
58b - 59b