e-texts navigator
Collection
Volume
Page
Wylie

57b1 དམར་དབུས་མཐིང་། ཕྱག་གཡས་གཡོན་དང་པོ་གཉིས་ཧཱུཾ་གི་ཕྱག་རྒྱ་བཅས་པ། ཕྱག་མཚན་མི་འཛིན་པ་གཞན་ཕྱག་མཚན་ཧཱུཾ་ཀཱ་ར་འདྲ་བ་གཅིག་ཐོན་ནས། དེའི་མདུན་དུ་ཇོ་བོ་ལ་བཀའ་ནོད་པ་འདྲ་བ་གཅིག
57b2 དབང་ཆེན་པོ་ཅི་བཀའ་སྩལ་ཞེས་སྔོ་བྲེང་ངེ་འདུག་པ་ལས། ཧཱུཾ་ཀཱ་རས་གོང་མ་བཞིན་དུ་བསྒོས་ནས། དབང་དང་གཟི་བྱིན་འདི་སྐད་ཅེས་བསྐྱེད་དེ། དཔའ་བོ་དྲག་ཤུལ་ཆེ་ལྡན་པའི།། ང་རྒྱལ་བསྙེམས་པའི་དྲག་ཤུལ
57b3 ཅན།། འོད་ཟེར་གཟི་ལྡན་འབར་བའི་འོད།། ཐོགས་མེད་ལས་རྣམས་ཀུན་སྤྱོད་ཅིང་།། སུམ་བྷ་ནི་ཡི་སྔགས་བརྗོད་པས།། ཧཱུཾ་ཀཱ་རས་ཐོ་བ་དང་ལྕགས་ཀྱུ་ཊཀྐི་རཱ་ཛ་ལ་གཏད་པ་དང་། ཊཀྐི་རཱ་ཛས་ཐོ་བ་དང་ལྕགས
57b4 ཀྱུཀླུ་བླངས་ནས། སྤྱན་འབར་བ་ཉི་ཟླའི་འོད་པས་འཚེར་བ། ཞལ་འབར་བའི་ང་རོས་དྲག་པོའི་སྔགས་བརྗོད་པ། སྐུ་འབར་བའི་ཆ་ལུགས་རི་རབ་ལྟར་བརྗིད་ཆེ་བ། བསྐལ་པའི་མེ་དང་ཉི་མ་འབུམ་གྱི་གཟི་དང་ལྡན
57b5 པས། ཞབས་འབར་བའི་ཆ་ལུགས་རྡོ་རྗེ་འགྲོས་ཀྱི་ཞབས་གར་བོར་བར་རྡོ་རྗེའི་ར་བ་དང་། བརྩིགས་པར་གྱུར་པ་དང་སྤྱན་འབར་བའི་གར་གློག་ལྟར་འགྱུ་བ། ཅིར་ཡང་བརྙེས་པའི་གཟུགས་དང་ཆས་ཏེ་གཤེགས
57b6 པས་བགེགས་དང་ཕྱོགས་སྐྱོང་ཐམས་ཅད་འདི་སྐད་ཅེས་འཁམས་ཏེ་ཚིག་སྨྲའོ།། ཨེ་མ་ལྷའམ་ཀླུའམ་འོན་ཏེ་སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ་ཐུགས་རྗེའི་བདག་པོ་ཅི་མཛད་པ་ལགས་ཞེས་ཊཀྐི་རཱ་ཛ་ཁྲོ




iiif viewer powered by OpenSeadragon

57a - 58a

Texts on this page

Gpb017.002 - rdo rje gzi ldan 'bar ba'i rgyud