e-texts navigator
Collection
Volume
Page
Wylie

57a1 བཅུའི་ཁྲོ་བོ་བཅུ་རྣམས་སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་ལ་བྱོན་པས། དེའི་གདན་ཤོམས་ཤིག་ཅེས་བཀའ་སྩལ་ནས། དེ་ནས་དབང་དང་གཟི་བྱིན་བསྐྱེད་པ་འདི་སྐད་ཅེས་བསྒོ
57a2 བའོ།། ཧཱུཾ། ཉི་མའི་དཀྱིལ་འཁོར་དབུས་གནས་པར། ཁྲོ་བོ་ཆེན་པོ་ཧཱུཾ་ཀཱ་ར།། སྐུ་ཆེ་ཡན་ལག་རགས་པ་ནི།། དབྱར་གྱི་སྤྲིན་ཕུང་ལྟ་བུའོ།། བསྐལ་པའི་མེ་དཔུང་ཇི་བཞིན་དུ།། འོད་ཟེར་དང་ལྡན་རབ་ཏུ
57a3 འབར།། ཞལ་གསུམ་ཕྱག་ནི་དྲུག་པ་སྟེ།། དང་པོའི་ཕྱག་གཉིས་ཧཱུཾ་རྒྱ་བཅིངས།། གཡས་གཉིས་ལྕགས་ཀྱུ་རལ་གྲི་བསྣམས།། གཡོན་གཉིས་ཞགས་པ་དགྲ་སྟ་འཛིན།། གཡས་བརྐྱང་གཡོན་བསྐུམ་རབ་ཏུ
57a4 གནས།། སྨིན་མཚམས་ཁྲོ་གཉེར་དམར་བའི་སྤྱན།། ཞལ་གསུམ་མཆེ་བ་གཙིགས་ནས་ནི།། རྡོ་རྗེའི་འགྲོས་ཀྱིས་རྣམ་པར་བསྒྱུར།། ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང་།། འདི་འདྲའི་གཟུགས་ནི་བསྐུལ་བྱས་ན།། ང་ཡིས
57a5 དེ་ལ་བཀའ་སྩལ་ལོ།། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན། བིདྱཱ་རཱ་ཛ་ཧཱུཾ་ཕཊ་ཞེས་གཟི་བྱིན་བསྐྱེད་ནས་དབང་རྟགས་ཟོ་བ་ལྕགས་ཀྱུ་གཏད་པ་དང་། ཧཱུཾ་ཀ
57a6 རས་ཐོ་བ་དང་ལྕགས་ཀྱུ་བླངས་ཏེ། རང་གི་སྙིང་ག་ན་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྙིང་པོ་འདི་ཕྱུང་ངོ་།། ཧཱུཾ། དེ་ལས་ཊཀྐི་རཱ་ཛ་སུམ་བྷ་རཱ་ཛ་ཧཱུཾ་ཕཊ་ལས་ཁྲོ་བོ་ཊཀྐི་རཱ་ཛ་སྐུ་མདོག་སྔོ་ནག། གཡས་དཀར་གཡོན




iiif viewer powered by OpenSeadragon

56b - 57b

Texts on this page

Gpb017.002 - rdo rje gzi ldan 'bar ba'i rgyud