e-texts navigator
Collection
Volume
Page
Wylie

56b1 ཧཱུཾ་སྨུག་ནག་འབར་བ་གཅིག་ཙར་རེ་འཐོན་པ་ལས། ཤྲཱི་བཛྲ་ཧཱུཾ་ཀ་ར་ཧཱུཾ་ཞེས་བརྗོད་པས། ཁྲོ་བོ་ཧཱུཾ་ཀ་ར་མདོག་དམར་ནག་དབྱར་གྱི་སྤྲིན་དམར་འདྲ་བ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། མིག་དམར་བ། ཁ་བགྲད་པ།
56b2 མཆེ་བ་གཙིགས་པ། ཞལ་གསུམ་ཕྱག་དྲུག་པ། གཡས་དཀར་བ་གཡོན་སྔོ་བ་དབུས་དམར་བ། ཕྱག་གཡས་གཡོན་དང་པོ་གཉིས་ཧཱུཾ་གི་ཕྱག་རྒྱ་བཅིངས་པ་གཡས་རྡོ་རྗེ་རྩེ་དགུ་པ། གཡོན་དྲིལ་བུ་གཡས་བར་མ
56b3 ལྕགས་ཀྱུ། ཐ་མ་རལ་གྲི། གཡོན་པར་མ་དགྲ་སྟ། ཐ་མ་ཞགས་པ་འཛིན་པ། ཞབས་གྱད་ཀྱི་དོར་སྟབས་ཅན། སྐུ་སྟོད་གླང་ཆེན་གྱི་ཀོ་རློན་དང་། མིའི་གཡང་གཞི་དང་། སྐུ་སྨད་སྟག་གི་པགས་པ་དང་པོ་ཏི་ཙི་ཏིའི
56b4 ཤམ་ཐབས་དང་། རྡོ་རྗེ་ཡེ་ཤེས་ཀྱི་གཤོག་པ་དང་། སྦྲུལ་དམར་བཀྲ་དང་། སེར་བཀྲ་དང་། སྔོ་བཀྲ་དང་། ལྗང་བཀྲ་དག་གིས་དབུ་རྒྱན་དང་སྙན་ཆ་མགུར་ཆུ་དང་སྐུ་ཆིངས་དང་། ཕྱག་ཞབས་ཀྱི་གདུ་བུ་བྱས
56b5 པ། ཐོད་པ་སྐམ་པོའི་ཕྲེང་བས་དབུ་བརྒྱན་པ། ཟོད་པ་རློན་པའི་ཕྲེང་བས་དོ་ཤལ་སེ་རལ་ཁར་བརྒྱན་པ། སྤྱན་བཟློག་པ་བྷཱི་ཀུ་ཊི་གཉེར་མ་གྱེན་དུ་བསྒྲེང་བ། སྙན་ལ་དུང་གི་ཁོང་སེང་ཅན། སྐུ་ཆེ་ལ་ཡན་ལག
56b6 རགས་པ། ཤིན་ཏུ་རྔམས་ལ་རབ་ཏུ་བརྗིད་པ་ཞིག་རྒྱལ་པོ་ཆེན་པོའི་བཀའ་བསྒོ་བ་བློན་པོས་བཀའ་ནོད་པའི་ཚུལ་དུ་དམའ་བྲེང་ངེ། རྡོ་རྗེ་འཛིན་ཆེན་པོ་ཅི་བཀའ་སྩལ་ཞེས་གནས་པ་ལས། རྡོ་རྗེ་འཛིན་པས་ཕྱོགས




iiif viewer powered by OpenSeadragon

56a - 57a

Texts on this page

Gpb017.002 - rdo rje gzi ldan 'bar ba'i rgyud