e-texts navigator
Collection
Volume
Page
Wylie

55b1 མ་སྟོངས་ཀྱི་བར་དུ་དོན་མཛད་པའི་ཚེ། བྱང་ཆུབ་སེམས་དཔའ་རྣམ་གཉིས་དང་། འཁོར་ཉེ་བའི་སྲས་པོ་བརྒྱད་དང་མཆོད་པའི་ལྷ་མོ་བརྒྱད་ལ་སོགས་པར་ཕྱུང་ནས། འགྲོ་བའི་དོན་མཛད་པའི་ཞི་བས་འདུལ་བའི
55b2 སྐལ་བ་དང་མི་ལྡན་པའི་བདུད་དང་སྲིན་པོ་དང་། དགྲ་དང་བགེགས་འདུལ་ཞིང་ཚར་གཅོད་པར་མཛད་ཙམ་ན། རིགས་ལྔ་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་རྡོ་རྗེ་འཛིན་པ་མཐུ་སྟོབས་ཀྱི་མངའ
55b3 བདག་ཞེ་སྡང་གི་སྐུར་གྱུར་ནས། ཉི་མའི་གདན་ལ་སོ་སོར་བཀོད་པའི་ཞི་ཁྲོ་ཕྱེད་མའི་ཐུགས་ཀ་ནས། ཁྲོ་བོ་བཅུ་ཕྱུང་། ཁྲོ་བོ་བཅུའི་སྐུ་མི་མངོན་ནམ་མཁའི་དབྱིངས་ན་བཞུགས་ནས་ཐུགས་གསང་བའི་མཁའ་ཉི
55b4 མའི་དཀྱིལ་འཁོར་དུ་བྱུང་ནས། ཡབ་ཡུམ་ཐབས་དང་ཤེས་རབ་ལས། འཇིག་རྟེན་གྱི་ཁམས་བསྲེག་སྦྲང་ཚུལ་བཞིན་དུ་མཛད། བདུད་དང་དགྲ་བགེགས་བཏུལ་ཞིང་ཚར་བཅད་ནས། མིང་ཡང་མི་གྲགས་པར་གྱུར
55b5 ནས། དེ་ནས་དངོས་པོའི་ཆོས་རྟག་པ་ཐེར་ཟུག་ཡིན་པའི་ཕྱིར་རིམ་གྱིས་བསྡུས་ནས་ཐུགས་ཀར་ཐིམ་སྟེ། ཐུགས་མི་གནས་པའི་དབྱིངས་སུ་བསྡུས་ཏེ་བཞུགས་པའི་སངས་རྒྱས་འདུལ་བའི་དུས་ལ་བབ་བོ་ཞེས
55b6 བཀའ་སྩལ་པས། བྱང་ཆུབ་སེམས་དཔའ་ངག་གི་དབང་ཕྱུག་གིས། སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་འདིའི་དུས་ལ་བབ་བོ་ཞེས་པ་དང་། དེ་ནས་རྒྱལ་བའི་བྱང་ཆུབ་སེམས་རྡོ།




iiif viewer powered by OpenSeadragon

55a - 56a

Texts on this page

Gpb017.002 - rdo rje gzi ldan 'bar ba'i rgyud