e-texts navigator
Collection
Volume
Page
Wylie

50a1 སོགས།། ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།། ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ།། ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།། ལེ་ལོ་སྒོམ་ལས་གཉིད་ཀྱི་དབང་གྱུར
50a2 ཏེ།། བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།། ལུས་ངག་ཡིད་ཀྱི་བསྲུང་བྱ་འདས་པ་ཡིས།། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པར་བཤགས།། ཞེས་གསུངས་ནས་རྗེས་སུ་ཡི་རང་ངོ་།། དེ་ནས་འཁོར
50a3 ཕལ་པ་རྣམས་ཀྱིས་འདི་སྐད་གསུངས་སོ།། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ།། ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས།། ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ།། མངོན་རྟོགས་སྤོང་ལེན་བགྱིས་པ
50a4 མཐོལ་ལོ་བཤགས།། མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། ཁས་བླངས་དམ་བཅའ་ཉམས་པ་མཐོལ་ལོ་བཤགས།། ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ།། གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ
50a5 བཤགས།། དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ།། དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས།། མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ།། དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས།། འགྲོ་དྲུག
50a6 སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ།། སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས།། སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་།། རིག་པ་འཛིན་པ་བསྔགས་ཀྱི་དམ




iiif viewer powered by OpenSeadragon

49b - 50b

Texts on this page

Gpb017.001 - dam tshig thams cad kyi nyams chag skong ba'i lung/ bshags pa thams cad kyi rgyud dri ma med pa'i rgyal po