| | e-texts navigator
|
46a1 ལུས་གཞལ་ཡས་ཁང་དུ་གནས་པའི་ནང་།། སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་སུ།། དུག་ལྔ་རྣམ་དག་རིགས་ལྔ་ཡབ་ཡུམ་སྐུ།། བསྐྱེད་རིམ་དབྱིངས་ཀྱི་ལམ་དུ་མ་ཤེས་བཤགས།། ལུས་སེམས་ཡེ
46a2 ནས་ཟུང་འཇུག་གནས་པ་ལ།། སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་མ་ཤེས་ཏེ།། མཉམ་གཞག་རྗེས་ཐོབ་ཉམས་ལེན་སྐྱོང་མ་ཤེས།། ངོ་བོ་ཉིད་གསུམ་ལྟ་བའི་ཀློང་དུ་བཤགས།། ཡེ་ནས་འཁོར་འདས་དབྱེར་མེད
46a3 ཡིན་པ་ལ།། སྣོད་བཅུད་གཞལ་ཡས་ཁང་དང་ལྷར་མ་ཤེས།། འབྱུང་བཞིའི་ཆོས་ལ་མངའ་དབང་མ་བརྙེས་པ།། གྲུབ་མཐའ་འཁོར་འདས་དབྱེར་མེད་ངང་དུ་བཤགས།། ཡེ་ནས་སྐྱེ་ཤི་མེད་པར་མ་ཤེས་པས།། མ
46a4 རྟོགས་འཆི་དུས་སྣང་བ་བསྒྱུར་བ་དང་།། འོད་ཀྱི་གོང་བུ་སྒྲ་ཡི་འཕོ་མ་ཤེས།། འདའ་ཁ་འཆི་བྲོད་དང་དུ་བཤགས་པར་བགྱི།། ལུས་ཀྱི་རྩ་ཡི་གཙོ་བོ་ཕལ་པ་རྣམས།། ཡེ་ནས་སྦྲུལ་སྐུར་གནས་པ་མ་ཤེས
46a5 ཏེ།། དབྱིབས་ཀྱི་ལྷ་སྐུ་རང་གསལ་བསྒོམ་མ་ཤེས།། སྦྲུལ་སྐུའི་རང་བཞིན་ལྷུན་གྲུབ་འབྲས་བུར་བཤགས།། ལུས་རྩ་བུམ་པའི་དབང་དུ་མ་ཤེས་པས།། མ་ཧཱ་ཡོ་གའི་བསྐྱེད་རིམ་བསྒོམ་མ་ནུས།། བུམ་དབང་དམ
46a6 ཚིག་ཉམས་པ་མཐོལ་ལོ་བཤགས།། ཚངས་པར་གྱུར་ནས་བསྐྱེད་རིམ་དངོས་གྲུབ་སྩོལ།། ཞེས་ཕྱིའི་དབང་གི་བཤགས་པ་དེ་སྐད་གསུངས་སོ།། དེ་ནས་གསང་དབང་གི་བཤགས་པ་འདི་གསུངས་སོ།། ལུས་གནས
iiif viewer powered by OpenSeadragon
45b - 46b