e-texts navigator
Collection
Volume
Page
Wylie

45a1 མཐའ་དབུས་མེད་པ་ལ།། ཕྱོགས་རིས་མཐའ་དབུས་སྤྲོ་བསྡུ་ཟང་རེ་ཆད།། མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས།། ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར་བཤགས།། གཞལ་ཡས
45a2 ཁང་ལ་ཕྱི་ནང་མེད་པ་ལ།། ཕྱི་དང་ནང་དུ་བལྟ་བ་ཟང་རེ་ཆད།། ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས།། ཡངས་དོག་ཕྱི་ནང་མེད་པའི་ཀློང་དུ་བཤགས།། ཡུམ་གྱི་མཁའ་དབྱིངས་མཐོ་དམའ་མེད་པ
45a3 ལ།། སྟེང་འོག་གཉིས་སུ་བལྟ་བའི་སྙིང་རེ་རྗེ།། མཐོ་དམའ་གཉིས་སུ་འཛིན་པ་ཉོན་རེ་མོངས།། བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས།། ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ།། ཡུལ་དང་སེམས་སུ་བལྟ་བ་ཟང་རེ
45a4 ཆད།། སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས།། གཉིས་སུ་མེད་པའི་ཡེ་ཤེས་སྐུ་རུ་བཤགས།། རིག་པའི་ཡེ་ཤེས་ནང་ནས་མ་ཤར་བས།། མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ།། གཟུགས་མེད་ཆོས་ལ་དངོས
45a5 པོ་མཚན་མར་འཛིན།། ཡེ་ཤེས་རང་བཞིན་ཀློང་དུ་མཐོལ་ལོ་བཤགས།། སྐྱེ་བ་མེད་པའི་དོན་དེ་མ་རྟོགས་ན།། གང་ཟག་འཁྲུལ་པའི་བློ་འདི་ཡོངས་རེ་གོལ།། སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་།། བདེ་ཆེན་སྐྱེ
45a6 མེད་ཀློང་དུ་མཐོལ་ལོ་བཤགས།། ཆོས་ཉིད་དོན་དེ་བློ་ལ་མ་གསལ་བས།། སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ།། ཟང་ཟིང་ནོར་ལ་ཆགས་པའི་སེམས་ནི་སྐྱེས།། ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར




iiif viewer powered by OpenSeadragon

44b - 45b

Texts on this page

Gpb017.001 - dam tshig thams cad kyi nyams chag skong ba'i lung/ bshags pa thams cad kyi rgyud dri ma med pa'i rgyal po