e-texts navigator
Collection
Volume
Page
Wylie

289b1 པའོ།། དཔལ་ཆེན་པོ་ཡབ་ཡུམ་གྱི་སྙིང་པར་སྟོན་པ་ནི། ཨོཾ་ནི་དཔལ་ཆེན་པོའི་སྙིང་པོའོ།། རུ་ལུ་གཉིས་ཡུམ་གྱི་སྙིང་པོའོ།། ཧཱུཾ་ཐུགས་དམ་གྱི་རྒྱུད་སྐུལ་བ། བྷྱོ་ལས་ལ་འགྱེད་པ། ཧཱུཾ་དྲག་ཏུ་སྐུལ་བ། ཕཊ་གདུག་པ
289b2 སྒྲོལ་བ། འཇིག་རྟེན་པའི་སྲོག་གི་སྙིང་པོར་བསྟན་པ་ནི། ཨོཾ་གཙོ་བོ་བཛྲ་ཧེ་རུ་ཀ། སྐུ་མཆོག་དམར་པོའི་ངོ་བོར་གནས།། རུ་ལུ་གོ་རཱི་མ་མོ་བརྒྱད་པོ་ཡང་།། སྲིན་མོ་བརྒྱད་ཀྱི་ངོ་བོར་གནས།། རུ་ལུ་སིང་ཧའི་ཕྲ་མེན
289b3 བརྒྱད་པོ་ཡང་།། སྲིན་མོ་བརྒྱད་ཀྱི་ངོ་བོར་གནས།། ཧཱུཾ་ཁྲོ་བོ་ཆེན་པོ་བཅུ་པོ་ཡང་།། གིང་ཆེན་བཅོ་བརྒྱད་ཀྱི་ངོ་བོར་གནས།། ཧཱུཾ་རྟ་གདོང་སྒོ་བ་བཞི་པོ་ཡང་།། བསེ་མོ་བཞི་ཡི་ངོ་བོར་གནས།། བྷྱོ་དབང་ཕྱུག་ཉི་ཤུ་རྩ
289b4 བརྒྱད་ཀྱང་།། སྲིན་མོ་ཉི་ཤུ་རྩ་བརྒྱད་ཀྱི་ངོ་བོར་གནས།། ཕཊ་འཇིག་རྟེན་དྲེགས་པ་ལས་ལ་འགྱེད།། འབྲུ་བརྒྱད་སྔགས་ཀྱི་འཕྲོ་འདུ་ཡི།། འཇིག་རྟེན་དྲེགས་པ་གནད་ནས་བསྐུལ།། འབྲུ་དགུ་སྔགས་ཀྱི་འཕྲོ་འདུ
289b5 ལ།། འོད་དང་སྒྲ་དང་གཟུགས་ཀྱང་སྟོན།། གནད་ནས་བསྐུལ་ཅིང་ལས་ལ་སྦྱར།། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ།། བསྡུས་པས་ཧཱུཾ་གི་ངོ་བོར་གནས།། རབ་ཏུ་དབེན་པའི་དུར་ཁྲོད་གནས།། ཧཱུཾ་ལས་བཛྲ་ཧེ་རུ
289b6 ཀ། ཡབ་ཡུམ་གཉིས་སུ་མེད་པར་གྱུར།། རུ་ལུ་སྔགས་ཀྱི་འཕྲོ་འདུ་ཡིས།། བདེ་གཤེགས་ཐུགས་དམ་རྒྱུད་བསྐུལ་ནས།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ།། དངོས་གྲུབ་རང་དབང་བྱ་བ་དང་།། འགྲོ་བའི་དོན




iiif viewer powered by OpenSeadragon

289a - 290a

Texts on this page

Gpb017.015 - bde gshegs 'dus pa'i sngags rgyud/ phyi ma'i phyi ma