e-texts navigator
Collection
Volume
Page
Wylie

220b1 དང་ཁང་མཉམ་པས།། གསང་བའི་གནས་ལས་ལེགས་པར་འབྱུང་།། ལས་གྲུབ་མཆོག་དང་ཐུན་མོང་བ།། མཐར་ཐུག་ལས་ཀྱང་མཐར་ཐུག་ཉིད།། གནས་སྐབས་ལས་ཀྱང་གནས་སྐབས་ཀྱི།། འདོད་འབྱུང་དཔལ་དང
220b2 གསང་བར་ལྡན།། འབྲས་བུ་དེ་ལས་ཡེ་ཤེས་ལྔ།། སྐུ་གསུམ་མཆོག་ལ་རྣམ་པར་གནས།། ཡེ་ནས་གནས་པའི་བདག་ཉིད་ལ།། གནས་པར་ཤེས་ཤིང་གནས་པར་འགྱུར།། གསང་མཆོག་ཡིད་བཞིན་མཆོག་གི
220b3 གཏེར།། དེ་ལས་ཤུལ་མཚོན་གཞལ་དུ་མེད།། ཡང་དག་བཅུད་དུ་གསང་བ་སྨིན།། དེ་ཕྱིར་གསང་བ་ཡང་དག་པས།། ལ་ལར་དབང་མེད་ཐབས་ཀྱིས་གསང་།། ལ་ལར་གོ་མེད་ཡེ་གསང་སྟེ།། ལ་ལར་རྨད་དུ་བྱུང་བས
220b4 གསང་།། ལ་ལར་སྒོམ་ཕྱེ་བས་གསང་།། དམ་མེད་ལོག་པར་ལྟ་བྱེད་ལ།། གསང་བ་གཉེན་ཕྱིར་ཡང་དག་གསང་།། དེ་ལྟར་གསང་བ་རྣམ་བཀྲ་བའི།། ཐབས་དང་ཤེས་རབ་མཆོག་ལ་རེག། སྤྱི་ཕུད་ལྔ་པར་གྱུར
220b5 པའོ།། ཡི་དམ་གསང་རྒྱུད་བཀའི་ཐ་རམ་ལས། གསང་བ་མཆོག་གི་དཀྱིལ་འཁོར་རྣམ་པར་བལྟ་བའི་ལེའུ་སྟེ་ལྔ་པའོ།། །། ཨ་ལ་ལ་ཧོ།། དངོས་གྲུབ་ཡིད་བཞིན་གསང་བ་མཆོག་གི་རྒྱུད། བཀའི་ཐ་རམ་ཞེས
220b6 བྱ་བ་རྫོགས་སོ།། །། ས་མ་ཡཱ། རྒྱ་རྒྱ་རྒྱ། སྦས་རྒྱ། གཏད་རྒྱ། གཏེར་རྒྱ། ཁ་ཟ་མ། དྷ་ཐིམ། རྒྱ་རྒྱ་རྒྱ། བདག་འདྲ་གར་གྱི་དབང་ཕྱུག་རོལ་པ་ཡེ་ཤེས་ཀྱིས་ཛ་དཀར་དུང་གི་སྒོ་མོ་ནས་གདན་དྲངས་པའོ།།




iiif viewer powered by OpenSeadragon

220a - 221a

Texts on this page

Gpb017.011 - yi dam gyi gsang rgyud bka'i tha ram