e-texts navigator
Collection
Volume
Page
Wylie

217a1 པས།། ས་འོག་ས་སྟེང་ས་བླར་ཁྱབ།། སྤྲུག་ཅིང་རྣམ་པར་སྤྲུགས་པས་ཀྱང་།། འགྲོ་བའི་ལོ་ཏོག་སྨིན་མཛད་དེ།། སྠི་ཕུད་དང་པོར་གྱུར་པའོ།། ཡི་དམ་གསང་རྒྱུད་བཀའི་ཐ་རམ་ལས། སྤྱི་གཙུག་རྣམ
217a2 པར་བལྟ་བའི་ལེའུ་ཞེས་བྱ་བ་སྟེ་དང་པོའོ།། །། ཨ་ལ་ལ་ཧོ།། སྣང་སྲིད་འཁོར་འདས་སྤྱི་དཔལ་གཙོ།། མགྲིན་སྣང་གསུང་གི་དཀྱིལ་འཁོར་དུ།། སྒྲ་ཡི་བཀོད་པ་རབ་སྣང་བ།། སྨྲ་བའི་དབྱངས་དང་ཡང་དག
217a3 ལྡན།། ལྷ་དང་ལྷ་མིན་མི་དང་ནི།། དུད་འགྲོ་ཡི་དྭགས་དམྱལ་བའི་མཐར།། ཉིད་ཀྱི་གསུང་གི་དབང་པོ་ཡིས།། ཁྱབ་ཅིང་སོ་སོའི་མཐུན་སྣང་དུ།། སྐད་དང་སྒྲ་དོན་བཅས་པ་མཛད།། ས་དང་རྡོ་དང་ཤིང་བུ་དང་།། མེ
217a4 ཆུ་རླུང་ལ་སོགས་པ་ཡི།། སྐད་དང་སྒྲ་ལས་མངོན་པའི་ཚིག། གསུང་དང་བཅས་ཏེ་ཡང་དག་སྣང་།། པདྨའི་ལྗགས་དང་དུང་གི་ཚེམས།། བུམ་པའི་དཀྱིལ་དུ་དྲིལ་བ་ཡང་།། རྣམ་པར་བཀྲ་བའི་ལེ་བརྒན་ལས།། མ
217a5 འདྲེས་སྙིང་པོའི་ཚིག་ཏུ་གསལ།། དེ་ཀུན་ཡང་དག་གསང་བའི་མགོན།། མང་པོ་གཅིག་ཏུ་དྲིལ་བ་དང་།། གཅིག་ལས་རྣམ་པ་དུ་མ་སྤྲོས།། རིགས་དྲུག་འགྲོ་བའི་སྣང་བ་ཡང་།། སོ་སོ་པ་ལ་སོ་སོ་ཡི།། ལུས་ངག་ཡིད
217a6 རྒྱུད་སྨིན་པ་དང་།། ཡང་དག་དེ་བཞིན་ཉིད་བསྟན་ཏེ།། རྣམ་གྲོལ་ཡེ་ཤེས་བདེ་ཆེན་བསྟན།། རང་ལ་རང་སྣང་ཉིད་བརྡལ་བས།། ལྷ་མི་ལ་སོགས་འགྲོ་བ་ཡི།། རང་སྣང་སྣང་བའི་དལ་རྒྱས་ནས།། རྣམ་པར་བལྟ




iiif viewer powered by OpenSeadragon

216b - 217b

Texts on this page

Gpb017.011 - yi dam gyi gsang rgyud bka'i tha ram