e-texts navigator
Collection
Volume
Page
Wylie

87b1 མ་ཡ་མུད་ཏྲ་པྲ་བྷན་ཙཀྲ་ཧཱུཾ་ཕཊ། ཨེ་ཧྱེ་ཧི་བྷ་ག་བན།། ཛཿཧཱུཾ་བཾ་སོ། རུ་ལུ་རུ་ལུ། ཛཿཙྪ་བཾ་ཧོཿ། ཨེ་ཧྱེ་ཧི་ཏྲི་ཤ་ཧོ་ས་མ་ཡ་ཧོ། ཨེ་ཧྱེ་ཧི་ཨ་ར་ལི་དྷིང་དྷིང་། དད་པ་དང་ནི་དམ་ཚིག་གིས།། ཆུར་གཤེགས་ཚུར
87b2 གཤེགས་ཧེ་རུ་ཀ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་།། གཟུགས་སྐུ་འཇིགས་ཚུལ་བསྟན་དུ་གསོལ།། ཐུགས་རྗེ་ཆེན་པོ་ཐབས་མཁས་པས།། གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ།། ཚོགས་རྗེ་ཚོགས
87b3 བདག་དཔལ་དང་ལྡན།། ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ།། ཡེ་ཤེས་རྟོགས་པའི་ཁྱད་པར་ལས།། སྤྲུལ་པ་མང་པོའི་ཚོགས་དང་གཤེགས།། ཨོཾ་ཤྲཱི་ཧེ་རུ་མ་ཧཱ་བཛྲ། སརྦ་དུཥྚཱཾ་ས་མ་ཡ་མུ་དྲ་པྲ་བེ་ཤ་ཡ་ཤྲཱི་ཧེ
87b4 རུ་ཀ་ཧཱུཾ་ཕཊ། ཨོཾ་ཛཿཧཱུཾ་བཾ་ཧོཿཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱཾ་ས་མ་ཡ་མུ་ཏྲ་པྲ་བྷན་ཙཀྲ་ཧཱུཾ་ཕཊ། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར།། འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར།། དོན་གྱི་དབང་དུ་དགོངས་ནས
87b5 ཀྱང་།། འཁོར་བཅས་རབ་འབར་གཤེགས་སུ་གསོལ།། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་ས་མ་ཡ་ཧི། སརྦ་དུཥྚཱཾ་ཀ་ཡ་བཱ་ཀ་ཙིཏྟ་བཛྲ་ཧཱུཾ་ཕཊ། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་།། ཡེ་ཤེས་ཐུགས་རྗེས
87b6 བདག་ལ་དགོངས་ནས་ཀྱང་།། མི་གཉིས་དོན་ཕྱིར་དངོས་གྲུབ་མཆོག་གི་རྣམས།། བདག་ཅག་སྩལ་ཅིང་བརྟན་པར་བཞུགས་སུ་གསོལ།། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱཾ་ས་མ་ཡ་མུ་ཏྲ་ཨ་མ་བ་སྟ་མ་བྷ་ཀ་ཧཱུཾ་ཕཊ།




iiif viewer powered by OpenSeadragon

87a - 88a

Texts on this page

Gpb016.001 - dpal he ru ka snying rje rol pa'i rgyud gsang ba zab mo'i mchog