| | e-texts navigator
|
86b1 ཟུང་མཐར་བྱེད་ཀྱིས་གཟུང་། ལས་མཐར་བྱེད་གང་གིས་མནན་ནས་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། བརྐྱང་བསྐུམ་དུ་བསྒྲེང་ལ་ཨ་ཨ་ཞེས་བརྗོད་ལ། ལྕགས་ཀྱུས་སྙིང་གར་སྒོ་ཕྱེ་བར་བསམ། གཡས་ནས་རྒྱབ་ཏུ་བསྐོར
86b2 ཏེ། ལུས་ཀྱི་ནང་དུ་ཞུགས་མ་ཐག་ཏུ་རྐང་པ་གཤིབས་ཏེ། དམ་ཚིག་གི་ཕྱག་རྒྱ་བཅས་ཏེ། ཧཱུཾ་ཞེས་སྒོ་ཕྱེ་བར་བསམ། གཡས་རྒྱབ་ཀྱིས་བསྐོར་བས་འབོད་པར་བྱ། ཨེ་ཧྱེ་ཧི་མ་ཧ་ཀ་རུ་ཤ་དྲྀ་ཀརྨ་བཛྲ་ཧཱུཾ་ཕཊ། མ་ཧཱ
86b3 དེ་བ་མ་ཏ་རུ་དྲ་ཛ། ཞེས་རྡོ་རྗེ་གར་གྱི་གོམ་པ་འདོར་ཞིང་ལྟེ་བའི་ཕྱོགས་སུ་སོང་ལ། ཤིན་ཏུ་དམར་པོ་བཞི་ལྟེ་བའི་ཕྱོགས་བཞིར་དགོད་དོ།། ཡི་གེ་ཧཱུཾ་མཆོག་ཏུ་བརྗོད་ཅིང་། གཡས་གཡོན་དུ་ལན་གཅིག་ཏུ་གར
86b4 གྱིས་བསྐོར་བར་བྱའོ།། དེ་ནས་སྙིང་པོ་འདི་བརྗོད་པར་བྱའོ།། དྷོ་ཙེ་པྱ་དྷོ་ཙེ་པྱ། མ་ནུ་དྷ་རཾ། ཨ་མ་དྷ་རཾ། ཤྲཱི་མ་ཧཱ་ཀ་པཱ་ལ། དྷོ་ཙ་པྱཾ། པདྨ་རཀྟ་དྷ་རཾ། བཛྲ་དྷ་རཾ། བཛྲ་མ་ཧཱ་མཾ་བ་དྷ་རཾ། ཞེས་བརྗོད་དོ།། དེ་ནས
86b5 གར་གྱི་ཚུལ་དུ་སྙིང་ག་ཕྱོགས་སུ་སོང་ལ། དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ཅི་ལྟར་བདེ་བ་གཏོར་མ་སྦྱིན་པར་མཁྱེན་པ་ནི་ཤེས་རབ་མཁའ་དབྱིངས་དང་། མ་ཏང་གི་ལུས་སུ་དབྱེར་མེད་པར་གཞལ་ཡས
86b6 ཁང་འབར་བའི་ནང་དུ་ཁྲོ་བོ་ཧེ་རུ་ཀ་ཕྱིའི་ཕྲ་མེན་ལ་སོགས་པ་འཁོར་དང་བཅས་པ་བཀོད་དེ། སྤྱན་དྲང་བའི་ཕྱིར་ཐབས་དང་ཤེས་རབ་ཀྱི་དབྱིངས་ནས་ཡི་གེ་ཛ་ལས་ལྕགས་ཀྱུས་གསལ་བར་ཕྱོགས་བཅུར་འཕྲོས
iiif viewer powered by OpenSeadragon
86a - 87a