| | e-texts navigator
|
55b1 ཡི་ཕྱོགས་ནས་འགུགས་པ་ནི།། ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་པ།། ལྕགས་ཀྱི་སྦྲང་མོ་མགོ་དགུ་ལ།། ལྕགས་ཀྱི་མི་མོ་ཆེན་མོ་ཞོན།། ལག་ན་ཞགས་པ་སྒྲིལ་མ་ཐོགས།། ནུབ་ཀྱི་ཕྱོགས་ནས་འགུགས་པ་ནི།། ཟངས་ཀྱི
55b2 ཁྱི་མོ་ཆེན་མོ་ལ།། ཟངས་ཀྱི་མི་མོ་ཆེན་མོ་ཞོན།། ལག་ན་ལྕགས་སྒྲོག་སྒྲིལ་མ་ཐོགས།། བྱང་གི་ཕྱོགས་ནས་འགུགས་པ་ནི།། གསེར་གྱི་ཁྱི་མོ་ཆེན་མོ་ལ།། གསེར་གྱི་མི་མོ་ཆེན་མོ་ཞོན།། ལག་ན་རྡོ་རྗེ་ཕུར་བུ
55b3 འདྲིལ།། འདི་ཡང་དཔལ་གྱི་ཕོ་ཉ་སྟེ།། ལས་རྣམས་ཐམས་ཅད་གྲུབ་པར་གྱིས།། དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཕོ་ཉ་བསྒྲུབ་པའི་དཀྱིལ་འཁོར་འདི་གསུངས་སོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི
55b4 ལ།། དབུས་སུ་འཁོར་ལོ་རྩིབས་བཞི་ལ།། དབུས་སུ་བཅོམ་ལྡན་འདས་ཧེ་རུ་ཀའི་རོལ་པ།། སྐུ་མདོག་མཐིང་ནག་དབུ་སུམ་བརྒྱ་ཕྱག་དྲུག་བརྒྱ་པ་ཞིག་དགོད། ཤར་དུ་རྡོ་རྗེ་ཏིལ་མར་དགོད། ལྷོར་སྟག་གི་མགོ་ཅན
55b5 དགོད། ནུབ་ཏུ་གཡག་གི་མགོ་ཅན་དགོད། བྱང་དུ་སྦྲུལ་གྱི་མགོ་ཅན་དགོད། དེའི་ཕྱི་རིམ་པདྨ་ལ་བརྒྱ་རྩ་བརྒྱད་རིམ་པ་གསུམ་ལ་ཕོ་ཉ་སུམ་བརྒྱ་བཅུ་དགོད་དོ།། དེའི་ཕྱི་རིམ་སྣམ་བུ་ལ་ཕོ་ཉ་ལྔ་བཅུ་རྩ་བརྒྱད
55b6 དགོད་དོ།། དེའི་ཕྱི་རིམ་སྣམ་བུ་ལ་ཡང་སྦྲུལ་གྱི་ཕོ་ཉ་དགོད་དོ།། དེའི་ཕྱིར་རིམ་སྒོ་བ་བཞི།། ཕོ་ཉ་ལས་བྱེད་བཞི་དགོད་དོ།། ཅི་བགྱི་དང་། བཀའ་ཉན་དང་། བཀའི་ཕོ་ཉ་དང་། སྤྲུལ་པ་དང་། ཡང་སྤྲུལ་པ་དང་།
iiif viewer powered by OpenSeadragon
55a - 56a