e-texts navigator
Collection
Volume
Page
Wylie

38a1 མ་བྱུང་མ་སྐྱེས་པའི་ངང་ལ་སྐྱེ་བའི་ཆོ་འཕྲུལ་བསྟན་ནོ།། རུ་ལུ་དཀྱིལ་འཁོར་དུ་ཤེས་པ་ནི་ཕུང་པོ་ལྔ་རིགས་ལྔ་འབྱུང་བ་ལྔ་ཡུམ་ལྔ་ཁམས་དང་སྐྱེ་མཆེད་བྱང་ཆུབ་སེམས་དཔའ་དང་སེམས་མ་དང
38a2 སྤྲུལ་པ་ལྕམ་དྲལ།། ཕུང་པོ་ལྔ་ཧེ་རུ་ཀ་ལྔ། འབྱུང་བ་ལྔ་ཁྲག་འཐུང་རྒྱལ་མོ་ལྔ། ཁམས་དང་སྐྱེ་མཆེད་ཕྲ་མེན་མ་བཅུ་དྲུག། སྒལ་ཚིགས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད།། བ་སྤུ་ཉག་མ་རེ་རེ་སྤྲུལ་པའི་ཕྲ་མེན་མ་དང་པོ
38a3 ཉ། ཡན་ལག་སྒོ་བ་བཞི། སྤྲུལ་པ་ཐུགས་ཀྱི་རྒྱན་ཏེ།། སྔགས་མ་ཧཱ་ཡོ་གའོ།། དཀྱིལ་འཁོར་ལ་ཡང་ཕྱོགས་དང་གྲལ་མ་ནོར་བར་དགོད་དོ།། སྒོ་སྐྱོང་ཡན་ཆད་རིམ་བཞིན་དུ་དགོད། རུ་ལུ་ལྟར་ཤེས་པ་ནི་བཅོམ
38a4 ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཀྱི་དོན་རྟོགས་ན་སངས་རྒྱས་ཡིན་པར་ཤེས་པར་བྱའོ།། རུ་ལུ་མཆོད་པར་ཤེས་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། བདག་བྱང་ཆུབ་ཀྱི
38a5 སེམས་མཆོད་པས་འཕགས་པའི་ཚོགས་མཉེས་པ་སྟེ།། འགྲངས་ཤིང་ཚིམ་པར་འགྱུར་རོ།། ཚིམ་པས་དངོས་གྲུབ་ཐོབ་པར་འགྱུར་རོ།། རུ་ལུ་བསྙེན་པར་ཤེས་པ་ནི་བསྙེན་པ་ནི་དཔལ་ཆེན་པོའི་སྐུའོ།། ཉེ་བའི
38a6 བསྙེན་པ་ནི་ཡུམ་ཀྲོ་དྷི་ཤྭ་རིའོ།། སྒྲུབ་པ་ནི་ཕྲ་མེན་མ་བཅུ་དྲུག། སྒྲུབ་པ་ཆེན་པོ་ནི་འདི་ལྟར་བསྒྲུབས་པས་འབྲས་བུ་དྲོད་རྣམ་པ་གསུམ་དང་སྦྱར་རོ།། འོད་ཀྱི་དྲོད་ནི་བདག་སྒྲུབ་པ་བྱེད་པའི་དུས་སུ་བདག་གི་ལུས




iiif viewer powered by OpenSeadragon

37b - 38b

Texts on this page

Gpb016.001 - dpal he ru ka snying rje rol pa'i rgyud gsang ba zab mo'i mchog