| | e-texts navigator
|
67a1 བཛྲ་དྷ་རོ་ཨཱཛྙཱ་པཱ་ཡ་ཏི་ཀཱ་ཡ་ཝཱ་ཀ་ཙིཏྟ་ནན། ཧཱུཾ་ཕཊ་ཕཊ། གཞན་དུ་བགེགས་བསྐྲད་པ་ནི། ལས་ཐམས་ཅད་པའི་སྔགས་འདིའོ།། ཨོཾ་ཙྪིནྡ་ཙྪིནྡ། ཧ་ན་ཧ་ན། ད་ཧ་ད་ཧ། དིཔྟ་བཛྲ་ཙཀྲ་ཧཱུཾ་ཕཊ། དེ་ནས
67a2 གཞན་དུ་བགེགས་བསྐྲད་པ་ནི། བདུད་རྩི་འཁྱིལ་བའི་ལས་ཀྱི་སྔགས་འདིའོ།། ན་མཿས་མནྟ་ཀ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོ་ཏྐ་ཊ་བྷཻ་ར་ནཱ་ཡ། ཨ་སི་མུ་ས་ལ། པཪྻཱ་པཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ
67a3 ཀུཎྜ་ལི།། ཁ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྣ་བྷནྣ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫྫ་གརྦྷ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིསྟྲཾ། བི་ན་ཡ་ཀཱན། མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏཱནྟ་ཀ་རཱ་ཡ་ཧཱུཾ་ཕཊ་སྭཱ
67a4 ཧཱ། དེ་ནས་གནོད་བྲལ་རྣལ་འབྱོར་པས།། གང་དུ་རྣལ་འབྱོར་བསྒོམ་པར་བྱ།། རྣལ་འབྱོར་ཞེས་བྱའི་རིམ་པ་ནི།། རྒྱུད་འདིར་རྣལ་འབྱོར་རྣམ་པ་གཉིས།། དེ་རྒྱུ་སྲོག་དང་རྩོལ་བ་སྟེ།། གཉིད་དང་བྱ་བ་སྤངས་ནས
67a5 བསྒོམ།། སྲོག་གི་རྒྱུ་ནི་རྣམ་བཞི་སྟེ།། ས་དང་ཆུ་དང་མེ་དང་རླུང་།། ལྟེ་བ་གསང་གནས་སྙིང་ག་མགྲིན།། གནས་བཞི་དག་ན་གང་གནས་པར།། དཔྱིད་དང་དབྱར་དང་སྟོན་དང་དགུན།། ནམ་ཟླ་དུས་བཞི་འཁོར
67a6 བའི་རྒྱུན།། ས་དང་རླུང་དང་ཆུ་དང་མེ།། རླུང་དང་རིམ་བཞིན་འབྱུང་བྱེད་པ།། འཇུག་པ་བག་ལ་ཞ་བར་བྱེད།། གྱེན་དང་མཐུར་དང་འབྱུང་བར་བྱེད།། གྱེན་དུ་གཡས་གཡོན་གཉིས་ཀ་ནས།། དཀྱིལ་འཁོར་དྲག་རིམ
iiif viewer powered by OpenSeadragon
66b - 67b