| | e-texts navigator
|
49b1 པར་མཛེས་པ། ཡིད་བཞིན་ཆེན་པོའི་རྒྱན་གྱིས་རྣམ་པར་སྤྲས་པ། སྣ་ཚོགས་པའི་བྱེ་བྲག་གིས་རྒྱལ་བ་རྣམས་ཀྱི་གདུང་འཛིན་པ། སྒྱུ་འཕྲུལ་ཆེན་པོའི་སྒོ་བཞི་དང་ལྡན་པ། ཐེག་པ་ཕྱིའི་རྣལ་འབྱོར་རྣམས་ཀྱི་ཐེག་པ
49b2 ཆེན་པོ་འབབ་གཞོལ་དགེ་སྡིག་ཆེན་པོའི་མཆོག་ཤིན་ཏུ་གསང་བ་ཆེན་མོ་དང་བཅས་པ། པདྨ་ཆེན་པོའི་དབུས་ན་ལྕེ་ཁ་དོག་བཞིའི་བྱེ་བྲག་གིས་མཛེས་པར་གྱུར་པ། ཕྱོགས་བཞི་བྲེ་བ་རིམ་པ་གསུམ་གྱི་ཆ་ལུགས
49b3 ཀྱིས་གསང་བ་ཆེན་པོའི་དཀྱིལ་འཁོར་དུ་གྱུར་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་སྒྲིབ་པ་མཆོག་ཏུ་སེལ་བ་སྟེ་ལེའུ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་གདུང་བ
49b4 མཆོག་ཏུ་སེལ་བ་མཛད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཛུམ་པ་ཆེན་པོས་རབ་ཏུ་ཆགས་པ་ཆེན་པོ་ལ་དབང་སྒྱུར་བར་དགྱེས་ཏེ། གསང་བ་ཆེན་མོའི་མཁའ་ལ་པདྨ་དབང་གི་མདོག་གིས་རྒྱས་པར
49b5 མཛད་དེ། ཨོཾ་སུ་ར་ཏཱ་སུ་ཁེ་ཞེས་བརྗོད་པས་རྡོ་རྗེ་རིགས་བསམ་གྱིས་མི་ཁྱབ་པ་བཙུན་མོ་དང་བཅས་པར་གྱུར་ཏོ།། དེ་ནས་རབ་ཏུ་འདི་བརྗོད་པར་མཛད་དོ།། བཞི་པ་ཁ་དོག་དཀར་ལ་འཚེར།། བཏང་སྙོམས་ཀུན
49b6 གྱི་སྤྲོ་བསྡུ་ཡིས།། གསུམ་པ་རྫོགས་པར་གསལ་བ་དང་།། ཕྱག་རྒྱའི་ཚོགས་མཆོག་དེ་དག་ལས།། རྒྱལ་མོ་དག་དང་མཉམ་དུ་དགྱེས།། ཕྱག་རྒྱ་རྡོ་རྗེ་དྲིལ་བུ་འཛིན།། བཅུ་གསུམ་པ་ཡི་ཆ་ལུགས་ཀྱིས།། ཆེ་ཆུང་མེད
iiif viewer powered by OpenSeadragon
49a - 50a