| | e-texts navigator
|
347b1 དམ་ལ་གནས་གྱུར་པའི།། ལས་རྣམས་ཡོངས་སུ་བྱ་བ་དང་།། འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོངས།། ཕྲ་མེན་མ་ཡང་དངོས་གྲུབ་འཐོབ།། བཅོལ་བའི་ལས་རྣམས་མངོན་དུ་བྱོས།། ཞེས་བསྒོའོ།། ཁྲོ་བོ་བསྒྲུབ
347b2 པའི་ལས་ཀྱི་གཙོ་བོ་ནི་འདི་ཡིན་ནོ།། ཁྲག་འཐུང་ཆེན་པོ་ལ་སོགས་པའི།། བྲོ་གར་གླུ་ཚིག་ཆེན་པོས་ནི།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། མཛོད་ལྡན་ཆེན་མོ་ལ་སོགས་པའི།། བྲོ་གར་གླུ་ཚིག་ཆེན་མོས
347b3 ནི།། འདུ་བར་འདོད་ན་འདུ་བར་བྱེད།། འཕེལ་བར་འདོད་ན་འཕེལ་བར་བྱེད།། སྦོས་མོ་ཆེན་མོ་ལ་སོགས་པའི།། བྲོ་གར་གླུ་ཚིག་ཆེན་མོས་ནི།། ལྷན་ནེར་འདོད་ན་ཐིམ་པར་བྱེད།། རྨུགས་པར་འདོད་ན་མྱོས་པར
347b4 བྱེད།། སེང་གདོང་ཆེན་མོ་ལ་སོགས་པའི།། བྲོ་གར་གླུ་ཚིག་ཆེན་མོས་ནི།། ཐམས་ཅད་ཀུན་ཏུ་ཟ་བར་བྱེད།། རྡུལ་ཆ་ཙམ་ཡང་མེད་པར་བྱེད།། བཞད་གདོང་ཆེན་མོ་ལ་སོགས་པའི།། བྲོ་གར་གླུ་ཚིག་ཆེན་མོས
347b5 ནི།། ཐམས་ཅད་ཀུན་ལ་ཟ་བར་བྱེད།། ཀུན་ལ་རབ་ཏུ་ཉམས་པར་བྱེད།། སླས་དང་བྱི་མོ་བྲན་མོ་ཡི།། བྲོ་གར་གླུ་ཚིག་ཆེན་མོས་ནི།། སྐྲོད་ཅིང་གཏོང་བར་བྱེད་པ་སྟེ།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། ལྗོན་པ
347b6 དང་ནི་ལྕུག་ཕྲན་ཚལ།། སྡོང་གཅིག་དང་ནི་མེ་རེག་ཏུ།། དང་བ་དགའ་བ་ཆགས་པ་དང་།། ཁྲོས་པས་ཀ་ལི་རབ་ཏུ་བྱ།། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་སྦྱོང་བར་གྱུར
iiif viewer powered by OpenSeadragon
347a - 348a