e-texts navigator
Collection
Volume
Page
Wylie

339a1 འབར་བར་འགྱུར།། ཞེས་བརྗོད་པས། མཉེས་པ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཆོད་སྦྱིན་གྱི་ལེའུ་སྟེ་ལྔ་བཅུ
339a2 པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དོན་ཡོད་པར་བྱ་བའི་ཕྱིར།། དམ་ཚིག་ཆེན་པོ་ཆེད་དུ་བརྗོད་དོ།། བླ་མེད་ཐེག་པར་ངེས་གྱུར་པས།། ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་།། བྱས་ལ
339a3 མི་སོགས་ཚོགས་གྱུར་ཏེ།། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས།། བླ་མེད་མཆོག་གི་དམ་ཚིག་ཏུ།། འདུལ་བའི་དབང་དུ་ཚུལ་ཁྲིམས་དང་།། ཇི་སྙེད་སྡོམ་པ་བསམ་ཡས་པ།། མ་ལུས་ཀུན་འདུས་རྣམ་པར
339a4 དག། ཡོད་མེད་དབུ་མའང་མི་དམིགས་ཤིང་།། སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ།། སྲོག་མེད་སྲོག་གཅད་གཅད་དུ་མེད།། སྲོག་དང་སྐྱེས་བུ་ལོག་རྟོགས་ཙམ།། བདེན་པ་གཉི་གར་དབྱེར་མེད་པས།། འཕྲུལ་དགའི་ཚུལ
339a5 ཏེ་ཐ་དད་མིན།། གཞན་དང་མ་བྱིན་མེད་པའི་ཕྱིར།། བླངས་མེད་ཐམས་ཅད་ཉིད་ཀྱི་དབྱིངས།། ཆོས་རྣམས་སྒྱུ་མ་ལྟ་བུ་དང་།། མིང་དང་ཚིག་ཏུ་བཏགས་པ་བརྫུན།། བརྫུན་ཉིད་ལ་ནི་བརྫུན་སྤྱོད་པ།། བརྫུན་ཞེས
339a6 བཏགས་ཙམ་ཡོད་མ་ཡིན།། མ་ཆགས་པ་ལ་ཆགས་པ་དང་།། ཆགས་པ་ཉིད་ན་ཆགས་མེད་པ།། དེ་ནི་ཚངས་མཆོག་རྒྱལ་པོ་སྟེ།། ཤིན་ཏུ་ཆགས་པ་ཆེན་པོ་ཡིན།། བླ་མེད་མི་སྤང་བླ་མ་བཀུར།། སྔགས་དང་ཕྱག་རྒྱ




iiif viewer powered by OpenSeadragon

338b - 339b

Texts on this page

Gpb013.006 - gsang ba'i snying po de kho na nyid nges pa