e-texts navigator
Collection
Volume
Page
Wylie

325b1 འཁོར་བཞི་བཅུ་གཉིས།། ཕུང་པོ་ཁམས་དང་སྐྱེ་མཆེད་སྦྱར།། ལོངས་སྤྱོད་ལྔ་ལྡན་མཆོད་སྦྱིན་བྱ།། རྡོ་རྗེ་ངག་ལམ་གསུང་ཆེན་བཟླས།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛཱི་ན་ཨོཾ། ཨོཾ་བཛྲ་ཀུ་ལ་ཧཱུཾ་བཛྲ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟྭཾ
325b2 རཏྣ་སཱཾ། ཨོཾ་པདྨ་ཏ་ཐཱ་ཧྲྀ་ད་ཡ་ཨཱ་རོ་ལི་ཀ། ཧཱ་པྲཛྙཱ་ཧཱཾ། དྷཱ་ཏཱི་ཤྭ་རི་མཱཾ། དེ་ཥ་ར་ཏི་ལཱཾ། མོ་ཧ་ར་ཏི་ཨཱཾ། རཱ་ག་ར་ཏི་པཱཾ། བཛྲ་ར་ཏི་ཏཱཾ། མཱཾ་མཱཾ་མཱཾ། ལཱཾ་ལཱཾ་ལཱཾ། ཨཱཾཿཱཾཿཱཾཿ། པཱཾ་པཱཾ་པཱཾ། ཏཱཾ་ཏཱཾ་ཏཱཾ། ཨེ་བཾ་མ་ཡ། བ་བ་བ་བ་བ། ཛྲ
325b3 ཛ་ཛ་ཛ་ཛ། ས་ས་ས་ས་ས། མ་མ་མ་མ་མ། ཡ་ཡ་ཡ་ཡ་ཡ། སྟྭཾ་ཧོཿཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པར་དམ་ཚིག་ཐམས་ཅད་ཀྱི་མཆོག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང
325b4 གསུང་དང་ཐུགས་རྗེའི་བདག་ཉིད་དབྱིངས་ཀྱི་དབང་ཕྱུག་མ་ཆེན་མོ་དང་། སྤྱན་ཆེན་མོ་དང་། མཱ་མ་ཀཱི་ཆེན་མོ་དང་། གོས་དཀར་མོ་ཆེན་མོ་དང་། དམ་ཚིག་འཕགས་མ་སྒྲོལ་མ་ཆེན་པོའི་རང་བཞིན་ཉིད་དུ་ཀུན་ཏུ
325b5 སྣང་བར་གྱུར་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་དབབ་པའི་གསུང་གི་འཁོར་ལོ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས
325b6 དཔལ་ཀུན་ཏུ་བཟང་པོས་སྒྱུ་འཕྲུལ་ཆེན་པོའི་བྱིན་བསྡུ་བ་ཞེས་བྱ་བའི་དམ་ཚིག་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་ཕྱུང་ངོ་།། སྒེག་མོ




iiif viewer powered by OpenSeadragon

325a - 326a

Texts on this page

Gpb013.006 - gsang ba'i snying po de kho na nyid nges pa