e-texts navigator
Collection
Volume
Page
Wylie

283b1 ཞིང་བཤིག་དང་བཅོམ་ལ་སོགས།། དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན།། བཙན་ཞིང་འབར་བའི་འཕྲོ་འདུ་ཡིས།། ཐམས་ཅད་རིན་ཆེན་ཉིད་པས་ན།། ནམ་མཁའ་ཁམས་ཀུན་བཀང་བ་ཡིན།། དེ་ལས་རིན་ཆེན
283b2 གསུང་འབྱུང་བ།། སྭཻ་རཏྣ་ཛྭ་ལཱ་ན་ལཱཀ་སྟྭཾ་ཕཊ།། ཧཱུཾ། ལུས་ངག་ཡིད་གསུམ་ཕྲིན་ལས་ནི།། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ།། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི།། ལས་ཀྱི་སེམས་དཔའ་དཔའ་བོ་ཡིན།། ལས་ཀྱི་སེམས
283b3 དང་རང་གནས་པས།། ཡེ་ཤེས་རལ་གྲི་འདེབས་ཤིང་སྤྲོ།། ཨེ་མའོ་ལས་ཀྱི་ཆེ་མཆོག་གི། ཉིད་ཀྱི་མཚན་དུ་གསོལ་བ་ནི།། ཅིས་ཀྱང་མི་ཤིགས་མི་ཕྱེད་ལ།། ཅིས་ཀྱང་མ་གཡོས་མ་འདྲེས་པས།། བདེ་ཆེན་མཆོག་ཏུ
283b4 གྱུར་པས་ན།། ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་བཏབ།། ཧཾ། རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལས།། རལ་གྲི་འཆང་རྒྱལ་ཐམས་ཅད་ཀྱི།། རང་གི་རྟགས་སུ་བསྟན་པའི་ཕྱིར།། མི་ཕྱེད་རལ་གྲི་འཆང་ཞེས་བྱ།། ཧཾ། ཇི་ལྟར
283b5 རྒྱལ་པོ་རང་གི་རྒྱས།། རྒྱལ་པོའི་གཙིགས་ནི་བཏབ་པ་བཞིན།། བདེ་ཆེན་སྙིང་ལ་གནས་པ་དང་།། དབང་ཆེན་དུས་ལ་བརྩོན་པ་ཡིས།། ཐམས་ཅད་ཀུན་ལ་དེ་ལྟར་འདེབས།། འདའ་དཀའ་ཇི་བཞིན་མི་ཤིགས
283b6 པས།། རྒྱལ་པོ་ཕྱག་རྒྱ་མཆོག་གི་གནས།། བདག་ཉིད་ཆེན་པོའི་མཚན་མའི་གཟུགས།། ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན།། ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ།། ཧཾ་རལ་གྲི་རལ་གྲི་དྲག་ཆེན་དང་།། རང་ཉིད་ཆེ་བའི




iiif viewer powered by OpenSeadragon

283a - 284a

Texts on this page

Gpb013.006 - gsang ba'i snying po de kho na nyid nges pa