| | e-texts navigator
|
283a1 ཕྲན་བཞིན།། བཙན་ཞིང་འབར་བའི་འཕྲོ་འདུ་འདིས།། ཐམས་ཅད་པདྨ་ཉིད་པས་ནི།། ནམ་མཁའ་ཁམས་ཀུན་བཀང་བ་ཡིན།། དེ་ལས་པདྨའི་གསུང་ཕྱུང་བ།། ཨོཾ་པདྨ་ཛ་ལཱ་ན་ལཱརྐ་ཧཱུཾ་ཕཊ། སྟྭཾ།
283a2 ལུས་ངག་ཡིད་གསུམ་རིན་ཆེན་ནི།། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ།། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི།། ཡོན་ཏན་ཆེན་པོ་དཔའ་བོ་ཡིན།། རིན་ཆེན་སེམས་དཔར་ང་གནས་པས།། ཡེ་ཤེས་དབྱུག་པ་གསོར་ཞིང
283a3 སྤྲོ།། ཨེ་མའོ་རྡོ་རྗེ་རིན་ཆེན་ཆེ་མཆོག་གི། ཉིད་ཀྱི་མཚན་དུ་གསོལ་བ་ནི།། ཅིས་ཀྱང་མི་ཤིགས་མི་ཕྱེད་ལ།། ཅིས་ཀྱང་མ་གཡོས་མ་འདྲེས་པས།། བདེ་ཆེན་མཆོག་ཏུ་གྱུར་པས་ན།། ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས
283a4 གདབ།། སྟྭཾ། རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལ།། རིན་ཆེན་འཆང་རྒྱལ་ཐམས་ཅད་ཀྱི།། རང་གི་རྟགས་སུ་བསྟན་པའི་ཕྱིར།། མི་ཕྱེད་རིན་ཆེན་འཆང་ཞེས་བྱ།། སྟྭཾ། ཇི་ལྟར་རྒྱལ་པོ་རང་གི་རྒྱས།། རྒྱལ་པོའི་གཙིགས
283a5 བཏབ་པ་ལྟར།། བདེ་ཆེན་སྙིང་ལ་གནས་པ་དང་།། དབང་ཆེན་དུས་ལ་བརྩོན་པ་ཡིས།། ཐམས་ཅད་ཀུན་ལ་དེ་ལྟར་འདེབས།། འདའ་དཀའ་ཇི་བཞིན་མི་ཤིགས་པས།། རྒྱལ་པོ་ཕྱག་རྒྱ་མཆོག་གི་གནས།། བདག
283a6 ཉིད་ཆེན་པོ་མཚན་མའི་གཟུགས།། ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན།། ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ།། རིན་ཆེན་དབྱུག་པ་དྲག་ཆེན་དང་།། རང་ཉིད་ཆེ་བའི་བདག་ཉིད་དང་།། འདུལ་བ་ཐབས་ཀྱི་རྒྱལ་པོ་ཡིས།། ཕྱེ
iiif viewer powered by OpenSeadragon
282b - 283b