e-texts navigator
Collection
Volume
Page
Wylie

274a1 འབར།། ཨུཏྤལ་ཀླུ་ཤིང་ལ་སོགས་མཚན།། མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན།། མཐིང་ག་དཀར་པོ་སེར་ལེ་བརྒན།། ལྗང་གུ་ལ་སོགས་སྣ་ཚོགས་པའི།། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ
274a2 ཅན།། གསལ་འཚེར་ལྷུན་སྟུག་གཟི་བྱིན་ཅན།། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ།། འབར་བའི་ཕྲེང་བས་འཁྱིལ་པ་སྟེ།། དབུས་མཐའ་མེད་པར་ཁྱབ་པ་ཡི།། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ།། སྐུ་ཡི་ཕྱག
274a3 རྒྱ་ཆེ་མཆོག་ནི།། དེ་བཞིན་དབྱིངས་ལས་མ་གཡོས་ཀྱང་།། ཡང་དག་ཐར་པའི་གཟུགས་སྐུ་དང་།། འགྲོ་བ་མ་ལུས་འདུལ་བའི་ཕྱིར།། མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན།། སྟོན་ཉིད་སྒྱུ་མ་མིག་ཡོར་ཚུལ།། ཚུལ་ཉིད
274a4 དབྱིངས་ལས་གཡོས་པ་མེད།། མ་གཡོས་བཞིན་དུ་སྣ་ཚོགས་པའི།། དེའི་ཚེ་མི་མཐུན་སྣ་ཚོགས་ལ།། སོ་སོ་འདྲ་བར་སྣང་བ་ནི།། དེ་བཞིན་ཉིད་ཀྱི་མ་བཅོས་ཀྱང་།། ལས་འཕྲོ་དབང་གིས་སོ་སོར་སྣང་།། དཔེར་ན
274a5 ང་ཆུ་ཟླ་བཞིན།། དེ་ཚེ་འགྲོ་དྲུག་ཐམས་ཅད་ལ།། སྡིག་སྤོང་གཟུགས་སུ་རྣམ་པར་བསྟན།། དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས།། རང་རྒྱལ་རྣམས་ལ་བསེ་རུའི་ཚུལ།། གཞན་ཡང་ཐིག་མཆོག་རིམ་པ
274a6 བཞིན།། འོག་མིན་བླ་མེད་གནས་མཆོག་ཏུ།། སྐུ་ནི་རྣམ་པར་སྣང་མཛད་ཚུལ།། བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ།། དེ་བཞིན་གསུང་མཆོག་མི་སྨྲ་སྟེ།། སྐུ་ཡིས་ཆོས་རྣམས་མཇལ་བར་སྟོན།། མེ་ལོང་བསྟན




iiif viewer powered by OpenSeadragon

273b - 274b

Texts on this page

Gpb013.006 - gsang ba'i snying po de kho na nyid nges pa