| | e-texts navigator
|
268a1 ལུས་ཐམས་ཅད་དང་།། འཁྲུལ་འཁོར་སྡུག་བསྔལ་སྣ་ཚོགས་རྣམ་མང་ཡང་།། དེ་བཞིན་ཉིད་ལ་འཕེལ་ཞིང་བྲི་བ་མེད།། ཅེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ
268a2 ལས། ཐམས་ཅད་ལ་ཆོས་ཉིད་ཀྱི་རྒྱུ་ཡོད་པ་དང་རིགས་རྒྱུད་ཆད་པ་དང་རིགས་བརྒྱད་སོ་སོར་དབྱེ་བའི་མདོར་བཤད་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ
268a3 གྱུར་ནས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བ་འཁོར་ལོ་ཞེས་བྱ་བ་འདི་སྐུ
268a4 གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཨ་རབ་ཏུ་བརྟན་འགྱུར་ཨ་དཀར་ལས། ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ།། ཕྱོགས་ཀུན་གང་བར་གསལ་གྱུར་ནས།། བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན།། དེ་ལས་མིང་ཚོགས
268a5 གསལ་བར་ཀུན།། སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ།། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི།། བརྟེན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ།། ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཥ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ།
268a6 ཤ་ཥ་ས་ཧ། ཀྵ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོཾ་ཨོ། འདི་དག་ཕྱུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས་ཀུན་དུ་གཡོས་ནས་ཆོས་ཐམས་ཅད་མིང་གི་མཚན་ཉིད་དུ
iiif viewer powered by OpenSeadragon
267b - 268b