| | e-texts navigator
|
264a1 པ་འདི་གསུངས་སོ།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས།། སྐྱེས་པ་ཉིད་ན་སྐྱེ་བ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི
264a2 ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། འགག་པ་མེད་ལས་ཐམས་ཅད་འགག། འགག་པ་ཉིད་ན་འགག་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། གནས་པ
264a3 མེད་ལས་ཐམས་ཅད་གནས།། གནས་པ་ཉིད་ན་གནས་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། དམིགས་པ་མེད་ལས་ཐམས་ཅད་དམིགས།། དམིགས་པ་ཉིད་ན
264a4 དམིགས་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། འགྲོ་འོད་མེད་ལས་འགྲོ་དང་འོང་།། འགྲོ་འོང་ཉིད་ན་འགྲོ་འོད་མེད།། ཅེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས
264a5 ཅད་དང་བཙུན་མོའི་ཚོགས་ཐམས་ཅད་མཉེས་པས་ཁྱབ་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའོ་ཡེ་ནས་གསང་བའི
264a6 ཆོས།། སྣ་ཚོགས་སྣང་ལ་རང་བཞིན་གསང་།། ངོ་བོ་ཉིད་ཀྱིས་རབ་ཏུ་གསང་།། གཞན་དུ་མིན་ཡང་ཤིན་ཏུ་གསང་།། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག
iiif viewer powered by OpenSeadragon
263b - 264b