e-texts navigator
Collection
Volume
Page
Wylie

263b1 མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི།། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས།། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད།། ས་ཆུ་སྤྱན་དང་མཱ་མ་ཀཱི།། མེ་རླུང་གོས་དཀར་སྒྲོལ་མ
263b2 སྟེ།། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ།། སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་།། ཐམས་ཅད་མ་ལུས་ཆོས་སོ་ཅོག། སངས་རྒྱས་ཉིད་ལས་གཞན་པ་མིན།། སངས་རྒྱས་ཉིད་ལས་གཞན་པའི་ཆོས།། སངས་རྒྱས
263b3 ཉིད་ཀྱིས་མི་རྙེད་དོ།། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ།། དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོས་བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་གྱུར
263b4 ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའོ་ཕྱོགས་བཅུའི་སྟོང་ཁམས་ཡེ་ཤེས་དབེན།། སྲིད་པ་གསུམ་ཉིད་དག་པའི་ཞིང་།། སྙིགས་མ་ལྔ་ཉིད་བདེ་ལྡན་ནས།། ཕུང་པོ་ལྔ་ཉིད་མངོན་སངས་རྒྱས།། ཐམས་ཅད
263b5 མཆོག་གི་སྙིང་པོ་བས།། གཞན་དུ་རྒྱལ་བས་ཆོས་མི་འཚལ།། ཉིད་ལས་གཞན་ཞེས་བྱ་བའི་ཆོས།། བཙལ་ཀྱང་རྒྱལ་བས་མི་རྙེད་དོ།། ཞེས་བརྗོད་པས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ
263b6 ཉིད་ཀྱིས་མཁྱེན་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཡེ་ཤེས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད




iiif viewer powered by OpenSeadragon

263a - 264a

Texts on this page

Gpb013.006 - gsang ba'i snying po de kho na nyid nges pa