e-texts navigator
Collection
Volume
Page
Wylie

241b1 གཏོར་མ་སེར་པོར་བཅས།། འདི་དག་རྒྱས་པའི་རྫས་ཉིད་དེ།། དཔལ་དང་གཟི་བྱིན་རྒྱས་པར་འགྱུར།། ཚ་བའི་མར་དང་ཆང་སྐྱུར་དང་།། རམ་བུ་པདྨ་རཀྟ་དང་།། འབྲས་དམར་ཙནྡན་ཟངས་ཕྱེ་དང་།། གཏོར་མ
241b2 དམར་པོ་དབང་རྫས་ཡིན།། ཚིལ་ཆེན་མར་དང་ཚ་བ་གསུམ།། ཀླུང་ཆེན་ཤ་ཁྲག་སྲན་ཆེན་དང་།། དུག་གསུམ་ཐལ་ཆེན་ཚ་བའི་མར།། སྐེ་ཚེ་ཕྱེ་གསུམ་མི་ཁྲག་དང་།། མིང་རུས་སྤེལ་མར་བཅས་གཏོར
241b3 མས།། བསྒྲལ་བ་དྲག་པོའི་རྫས་སུ་བཤད།། དངུལ་ལམ་དཀར་པོའི་ཤིང་རྣམས་ལ།། མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ།། ལོགས་ལ་ཞི་བའི་ལྷ་བཀོད་ལ།། དེ་བཞིན་གཤེགས་པར་གསལ་བས་གདབ།། གསེར་རམ་སེར
241b4 པོའི་ཤིང་རྣམས་ལ།། མགོ་རྩེ་རྒྱ་མདུད་གྲུ་བཞི་བཅས།། ལོགས་ལ་རྒྱས་པའི་ལྷ་བསྒོམས་ཏེ།། རིན་ཆེན་ང་རྒྱལ་བཅས་པས་གདབ།། ཟངས་སམ་བྱུ་རུ་དམར་ཤིང་རྣམས།། མགོ་བོ་རྒྱ་མདུད་རྩེ་ཟླ་གམ།། ལོགས་ལ
241b5 དབང་གི་ལྷ་བཀོད་ལ།། ཆགས་པ་རྡོ་རྗེར་གསལ་བས་གདབ།། ལྕགས་སམ་ནག་པོའི་ཤིང་རྣམས་ལ།། མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ།། ལོགས་ལ་དྲག་པོའི་ལྷ་བཀོད་དེ།། ཞེ་སྡང་རྡོ་རྗེར་གསལ་བས
241b6 གདབ།། ཨོཾ་དང་ཏྲཾ་ཧྲི་ཧཱུཾ་ཉིད་ལས།། འབྱུང་ལྔའི་རིམ་པ་གསལ་སྟེངས་སུ།། ཨེ་བཾ་མ་ཡ་བྷྲཱུཾ་ལས་བསྐྱེད།། གཞལ་ཡས་ཟླུམ་པོ་གྲུ་བཞི་དང་།། ཟླ་གམ་གྲུ་གསུམ་ཇི་བཞིན་དབྱིབས།། ཁ་དོག་རང་གི་ཚུལ་བཞིན




iiif viewer powered by OpenSeadragon

241a - 242a

Texts on this page

Gpb013.005 - rdo rje sems dpa'i sgyu 'phrul dr+wa ba gsang ba thams cad kyi me long zhes bya ba'i rgyud