e-texts navigator
Collection
Volume
Page
Wylie

238a1 དཀྱིལ་འཁོར་ཏེ།། སྐད་ཅིག་དཔག་ཚད་བརྒྱར་འགྲོ་བ།། དེ་ལ་གནས་བསམ་མ་ཡེངས་པས།། རླུང་གིས་ཁྱབ་པ་ཇི་ལྟ་བར།། དཔག་ཚད་བརྒྱ་ཕྲག་དུ་མ་ཡང་།། སྐད་ཅིག་ཙམ་གྱིས་བགྲོད་པར
238a2 འགྱུར།། གལ་ཏེ་རྫུ་འཕྲུལ་བཞི་དག་གིས།། རིག་འཛིན་གོ་འཕང་འགྲོ་འདོད་ན།། སྔོན་དུ་དག་པའི་དོན་ཐོབ་ནས།། ཕྱག་རྒྱ་གསལ་བར་གྱུར་པའི་ཚེ།། ནམ་མཁའ་ལིངྒ་ཟླ་བ་ལ།། ཧཱུཾ་ལས་རྡོ་རྗེ་ཆོ་ག
238a3 གསུམ།། རིམ་པར་བརྟན་པའི་དབང་ཐོབ་ནས།། དྭངས་མའི་ཕྱག་རྒྱ་ལ་བརྟེན་པས།། རྡོ་རྗེ་ཟླར་བཅས་རླུང་བརྟེན་པས།། གང་འཐད་ཞིང་དུ་བསྐྱོད་པའི་ས།། རྡོ་རྗེ་རིག་པའི་འཛིན་པ་ཡིས།། ཞིང་ཁམས་དག་པའི
238a4 བྱ་བ་འགྲུབ།། མདུན་གྱི་ནམ་མཁར་ཟླ་བ་ལ།། ཨོཾ་ལ་ཆོ་གའི་ཚུལ་གྱིས་བསྒྱུར།། བརྟན་པའི་འཁོར་ལོ་ཟླ་རླུང་གིས།། དྲངས་མའི་སྟོབས་ཀྱིས་ལུས་གནས་པས།། དེ་བཞིན་གཤེགས་པའི་རིག་འཛིན་པ།། ཞིང
238a5 ཁམས་སོ་སོར་བསྐྱོད་བྱས་ནས།། རང་གི་བསམ་པ་བསྒྲུབ་པར་བྱ།། ནམ་མཁའ་དབྱིངས་ཀྱི་ཟླ་བ་ལ།། ཏྲཾ་ལས་སྐྱེས་པའི་ཆོ་ག་ཡིས།། རིན་ཆེན་རླུང་ཟླ་ར་བཅས་པ་ཡིས།། ཏིང་འཛིན་དྲག་པོ་བསྐྱོད་པའི
238a6 ཤུགས།། དྲངས་མ་ལུས་ཡིད་བཅས་པ་ཡིས།། དག་པའི་ཞིང་ཁམས་ཀུན་བསྐྱོད་དེ།། ལྷག་པའི་བསམ་པ་འགྲུབ་པར་འགྱུར།། ནམ་མཁའི་དཀྱིལ་འཁོར་དབུས་གནས་པར།། པདྨར་བཅས་པའི་ཟླ་བ




iiif viewer powered by OpenSeadragon

237b - 238b

Texts on this page

Gpb013.005 - rdo rje sems dpa'i sgyu 'phrul dr+wa ba gsang ba thams cad kyi me long zhes bya ba'i rgyud