e-texts navigator
Collection
Volume
Page
Wylie

217b1 རྗེ་ཆེན་པོའི་རང་བཞིན་གང་།། གནས་པའི་དོན་དང་མ་ཕྲད་པས།། མ་ལུས་སྙིང་རྗེའི་གནས་གྱུར་པ།། སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ།། མི་འགལ་དོན་དུ་རབ་སྦྱོར་བ།། ཀུན་རྫོབ་བྱང་ཆུབ་སེམས་སུ་བརྗོད།། ཇི
217b2 སྙེད་རྣམ་པར་བཅས་པའི་ཆོས།། མ་ལུས་མཐའ་ཡས་བསྟན་པ་ཀུན།། བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་ཏེ།། ནམ་མཁའི་ཆོ་འཕྲུལ་ཇི་བཞིན་དུ།། སྣ་ཚོགས་སྣང་བཞིན་དངོས་པོ་མེད།། དེ་དང་ཇི་ལྟར་གནས་ཀྱང
217b3 རུང་།། བྱང་ཆུབ་སེམས་ལས་གཞན་མིན་ཡང་།། ཐུན་མོང་ཡུལ་ཕྱིར་ཕྱི་རུ་བཤད།། རང་ལུས་ཕྱག་རྒྱའི་དཀྱིལ་འཁོར་ལ།། རང་འབྱུང་འཁོར་ལོ་དྲུག་གནས་པ།། གཡོ་བ་ཡཾ་གིས་སྐྱོད་བྱེད་པ།། འགྲོ་བ་ཀུན་གྱི་ལུས
217b4 ལ་གནས།། འཕེན་དང་སྡུད་པའི་རང་བཞིན་ཅན།། སྙིགས་མའི་དུས་སུའང་བདེ་བ་འཆར།། སྨིན་པ་གྲུ་གསུམ་སྨད་ན་གནས།། རྣམ་ཐར་སྐུ་གསུམ་རྩ་མདུད་ཅན།། འབར་ཞིང་ཐིག་ལེ་འབེབས་དང་གནས།། རང
217b5 ལུས་བདེ་ཆེན་སྨིན་བྱེད་པ།། དེ་ལ་གང་རྟེན་བདེ་བའི་གནས།། སངས་རྒྱས་རིན་ཆེན་གབ་ཙེ་ལ།། ཟུང་ངུ་ཨ་སྙིང་ལྟེ་བར་གནས།། འཁྲུལ་ཞིང་འཛག་དང་གནས་པའི་རྩ།། རྡོ་རྗེ་དབུ་མའི་ལམ་དང་འབྲེལ།། ཁྱབ
217b6 ཅིང་རྒྱས་པའི་སྙིང་པོ་ཅན།། སུམ་ཅུ་གཉིས་གཉིས་རྩ་ཡིག་ལྡན།། དྷརྨ་ཙཀྲ་སྙིང་པོའི་གནས།། རྩ་བཞི་ཡན་ལག་བརྒྱད་ཀྱི་དངོས།། དངས་སྙིགས་ཤེས་པ་བརྒྱད་ཀྱི་རྟེན།། རྒྱུ་བ་བཞི་ཡིས་ཤེས་པར་བྱ།། དངས་མ




iiif viewer powered by OpenSeadragon

217a - 218a

Texts on this page

Gpb013.005 - rdo rje sems dpa'i sgyu 'phrul dr+wa ba gsang ba thams cad kyi me long zhes bya ba'i rgyud