e-texts navigator
Collection
Volume
Page
Wylie

190a1 བསྐོར།། བཀའ་སྡོད་སྐྱེས་བུ་མདུན་ན་གནས།། གཞན་ཡང་རྒྱལ་བ་རྒྱ་མཚོའི་ཚོགས།། སྐུ་གསུང་ཐུགས་དང་ཡོན་ཏན་ལས།། རང་རང་རིགས་ལྔ་གང་གྱུར་པའི།། རྣམ་ཐར་དབུ་དང་ཡེ་ཤེས་ཕྱག། སོ
190a2 སོའི་བཞུགས་ཚུལ་ལྡན་པ་ཡིས།། མདུན་རྒྱབ་ཕྱོགས་བཅུར་འཁོད་པ་ཉིད།། ཡབ་ཡུམ་འབྲེལ་པའི་ཚུལ་གྱིས་གནས།། རང་འབྱུང་མ་བསྒྲིབས་ཡེ་ཤེས་ཕྱིར།། ཟག་མེད་ཚོགས་གཉིས་ལས་བྱུང་བའི།། ནམ་མཁའི
190a3 ཁམས་དང་རྒྱ་མཉམ་པའི།། འཇིག་རྟེན་གྲངས་མེད་རྡུལ་དང་བཅས།། བཀོད་པ་ཕུན་སུམ་ཚོགས་པར་གནས།། གང་དེ་ཟག་མེད་ཡེ་ཤེས་ཀྱི།། ཕྱག་དང་ཞལ་དང་ཐབས་ལྡན་པས།། ཞལ་མཐོང་རིགས་ལ་དབང
190a4 སྦྱར་བས།། རྡོ་རྗེ་འཛིན་པ་ཆེན་པོར་གྱུར།། རྒྱལ་བ་དེ་དག་མ་ལུས་པའི།། གསུང་མཆོག་བརྗོད་དུ་མེད་པ་ཉིད།། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ།། བརྡ་དང་དོན་དང་བྱིན་བརླབས་དང་།། གསང་བ་ལ
190a5 སོགས་ཅི་རིགས་པར།། དམ་པའི་ཆོས་སྒྲ་རྒྱ་མཚོ་སྒྲོགས།། ཟག་མེད་ཡེ་ཤེས་རྒྱ་མཚོ་ཡི།། བྱིན་བརླབས་ཆོ་འཕྲུལ་མངོན་ཤར་བ།། ཨ་ཨཱ། ཨི་ཨི། ཨུ་ཡཱ། ཨེ་ཨེ། ཨོ་ཨོ། རཻ་རཾ། ལྀ་ལཱྀ། ཨཾ་ཨཿ། ཀ་ཁ་ག་གྷ་ང།
190a6 ཙཚང་དྷཿ།། ཏ་ཐ་ད་དྷཱ་ན། ཊ་\ུ0f7fཌརྞ་ཎ། པ་ཕ་བ་བྷྲ་མ། ཡ་ར་ལ་ལ། ཤ་ཥ་ས་ཧ། ཀྵ། འདི་དག་རབ་ཏུ་བྱུང་བ་ཡིས།། ཕྱོགས་བཅུ་འཇིག་རྟེན་ཁམས་བཅས་པའི།། ནམ་མཁའི་དབྱིངས་དང་རྒྱ་མཚ




iiif viewer powered by OpenSeadragon

189b - 190b

Texts on this page

Gpb013.005 - rdo rje sems dpa'i sgyu 'phrul dr+wa ba gsang ba thams cad kyi me long zhes bya ba'i rgyud