| | e-texts navigator
|
185a1 བཞི་ལ་ཡན་ལག་བརྒྱད།། ཐུན་མོང་ཕྱི་ཡི་རིམ་པ་ཡིན།། འདི་ལ་རྩ་གསུམ་རིམ་པ་སྟེ།། ཟག་པའི་རྩ་དང་མངོན་ཤེས་རྩ།། ཆོས་ཉིད་རིམ་པ་གསུམ་དུ་གནས།། རླུང་ཡང་གཅིག་གམ་གཉིས་ཡིན
185a2 ཏེ།། དེ་ལས་བྱེ་བྲག་དཔག་མེད་པའོ།། གནས་པ་དང་ནི་རྒྱུ་བའི་རླུང་།། གནས་པ་སྲོག་དང་ཡེ་ཤེས་ཏེ།། རྒྱུ་བ་བཞི་ནི་མངོན་པར་བརྗོད།། ཕྱི་ནང་ཅན་དང་གྱེན་ཟུར་ཅན།། དེ་རེའང་དྭངས་སྙིགས་ཁྱད་པར
185a3 གྱིས།། རིམ་པ་བརྒྱད་དུ་མངོན་སྣང་ཡིན།། གཉིད་དང་འགྲོ་བའི་ས་བོན་གྱིས།། ཆགས་སྡང་དྲན་རྟོག་ཀུན་གྱི་གཞི།། གང་དུ་གནས་དང་གནས་མ་ཡིན།། རྒྱུ་ཞིང་འཕོ་བ་རླུང་གིས་ཏེ།། བདེ་དང་སྡུག་བསྔལ་ཇི་སྙེད
185a4 པ།། མྱོང་ཞིང་སྐྱེད་པར་བྱེད་པ་ཡིན།། འདི་ནི་གནས་དང་མི་གནས་ཀྱིས།། སྲོག་དབང་དྲན་པ་དབང་སྒྱུར་བས།། གནས་དང་འཕོ་བ་ཕ་རོལ་དག། གནས་པ་སྲོག་གི་རླུང་ཅན་ནོ།། གང་དུ་འཁྲུལ་པ་འཛེད་པ
185a5 ནི།། མ་ལུས་འགྱེད་ཅིང་སྤྲོ་བ་ཡི།། གྱེན་ཟུར་འཛེག་ཅིང་འགེངས་འབྱུང་བའི།། སྒོ་གཉིས་ལུས་ཀུན་ཁྱབ་པའི་རྩ།། དྲུག་ཅུ་རྩ་བཞི་སྙིང་པོ་ཅན།། ཕྱི་རིམ་བཞི་ཡི་རྒྱུན་དུ་འཁྱིལ།། དབུས་ནས་འཁྱིལ་བ་ཐིག་ལེའི
185a6 རྩ།། འཕེན་པ་བདེ་བའི་རླུང་དང་འགྲོགས།། གང་དུའང་འཁྲུལ་ཅིང་སྤྲུལ་པའི་ཕྱིར།། སྤྲུལ་པའི་འཁོར་ལོ་ཤེས་རབ་ཉིད།། དེ་འོག་གྲུ་གསུམ་འབར་བའི་རྩ།། གྱེན་དུ་འབར་དང་ཐུར་དུ་འཕྲོ།། འོད་ཀྱིས་འབར་བའི
iiif viewer powered by OpenSeadragon
184b - 185b