| | e-texts navigator
|
159a1 པ་ཆེན་པོས་སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ།། བླ་མེད་ཐེག་པ་རབ་ངེས་ན། ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་།། བྱས་ལ་མི་སོག་ཚོགས་འགྱུར
159a2 ཏེ།། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས།། བླ་མེད་མཆོག་གི་དམ་ཚིག་ཏུ།། འདུལ་བའི་དབང་གིས་ཚུལ་ཁྲིམས་དང་།། ཇི་སྙེད་སྡོམ་པ་བསམ་ཡས་པ།། མ་ལུས་ཀུན་འདུས་རྣམ་པར་དག། ཡོད་མེད་དབུ་མའང་མི
159a3 དམིགས་ཤིང་།། སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ།། སྲོག་མེད་སྲོག་གཅོད་བཅད་དུ་མེད།། སྲོག་ཀྱང་སྐྱེས་བུའི་ལོག་རྟོག་ཙམ།། བདེན་པ་གཉིས་ཀར་དབྱེར་མེད་པས།། འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན།། གཞན་དང
159a4 མ་བྱིན་མེད་པའི་ཕྱིར།། བླངས་མེད་ཐམས་ཅད་ཉིད་ཀྱི་དབྱིངས།། ཆོས་རྣམས་སྒྱུ་མ་ལྟ་བུ་ལ།། མིང་དང་ཚིག་ཏུ་བརྟགས་པ་བརྫུན།། བརྫུན་ཉིད་ལ་ནི་བརྫུན་སྤྱོད་པ།། བརྫུན་ཞེས་བཏགས་ཙམ་ཡོད་མ་ཡིན།། མ
159a5 ཆགས་པ་ལ་ཆགས་པ་དང་།། ཆགས་པ་ཉིད་ན་ཆགས་པ་མེད།། དེ་ནི་ཚངས་མཆོག་རྒྱལ་པོ་སྟེ།། ཤིན་ཏུ་ཆགས་པ་ཆེན་པོ་ཡིན།། བླ་མེད་མི་སྤོང་བླ་མ་བཀུར།། སྔགས་དང་ཕྱག་རྒྱ་རྒྱན་མི་གཅད།། ཡང་དག་ལམ
159a6 དུ་ཞུགས་ལ་བྱམས།། གསང་བའི་དོན་ཉིད་སྨྲ་མི་བྱ།། འདི་ནི་རྩ་བ་ལྔ་རྣམས་ཏེ།། བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག། གཏི་མུག་ཆགས་དང་ཞེ་སྡང་དང་།། ང་རྒྱལ་ཕྲག་དོག་མི་སྤོང་ངོ་།། དཀར་རྩི་དམར་རྩི་དྲི
iiif viewer powered by OpenSeadragon
158b - 159b