e-texts navigator
Collection
Volume
Page
Wylie

78b1 དཀྱིལ་འཁོར་དུ།། ཐུགས་དམ་ཡོངས་སུ་བསྐངས་གྱུར་ནས།། བྱང་ཆུབ་སྙིང་པོར་རྫོགས་གྱུར་ཏེ།། མེ་ལྷ་དྲང་སྲོང་འཁོར་བཅས་དང་།། བྱང་ཆུབ་མཆོག་ཆེན་སུམ་ཅུ་བདུན།། རྒྱལ་བའི་བྱིན་རླབས་འཕེལ་བར
78b2 ཤོག། འབྲུ་ཐུག་ཡིད་བཞིན་རིན་ཆེན་གཏེར།། སྐྱེ་འགྲོ་ཀུན་གྱི་ལོངས་སྤྱོད་གསོས།། ལོངས་སྤྱོད་མཆོད་པ་ཆེན་པོ་འདིས།། མེ་ལྷ་དྲང་སྲོང་འཁོར་བཅས་དང་།། བྱང་ཆུབ་མཆོག་ཆེན་སུམ་ཅུ་བདུན།། ཐུགས་དམ
78b3 ཡོངས་སུ་བསྐང་གྱུར་ཏེ།། བདག་དང་དེང་གི་ཡོན་བདག་རྣམས།། རིན་ཆེན་གཏེར་ལ་སྤྱོད་པར་ཤོག། ལག་ཆེན་འབྲུ་ཡི་སྙིང་པོ་སྟེ།། འདོད་པ་ཀུན་གྱི་སྙིང་པོ་མཆོག། འགྲོ་བ་རྒྱ་མཚོ་ཚིམ་པའི་ཕྱིར།། ཚིམ་གྱུར
78b4 མཆོད་པ་ཆེན་པོ་འདི།། མེ་ལྷ་དྲང་སྲོང་འཁོར་བཅས་དང་།། བྱང་ཆུབ་མཆོག་ཆེན་སུམ་ཅུ་བདུན།། ཐུགས་དམ་ཡོངས་སུ་བསྐང་གྱུར་ཏེ།། དེང་གི་ཡོན་བདག་འཁོར་བཅས་རྣམས།། དབང་གི་སྤྱོད་ཡུལ་ཚིམ་བྱེད
78b5 ཤོག། འོ་སྐོལ་བདུད་རྩིའི་མཆོད་པ་འདིས།། སྐྱེ་འགྲོ་ཀུན་གྱི་སྨན་དང་གསོས།། ཡིད་བཞིན་ལོངས་སྤྱོད་འཕེལ་བའི་སྨན།། བདུད་རྩི་ཞལ་ཟས་རིན་ཆེན་འདིས།། མེ་ལྷ་དྲང་སྲོང་འཁོར་བཅས་དང་།། བྱང་ཆུབ
78b6 མཆོག་ཆེན་སུམ་ཅུ་བདུན།། ཉོན་མོངས་དུག་སེལ་སྨན་གྱི་མཆོག། རྣམ་པར་རྟོག་པའི་དུག་བཅོམ་ནས།། བྱང་ཆུབ་མཆོག་ཆེན་སུམ་ཅུ་བདུན།། ཐུགས་དམ་ཡོངས་སུ་བསྐང་གྱུར་ཏེ།། ཡོན་བདག་འཁོར་དང་བཅས




iiif viewer powered by OpenSeadragon

78a - 79a

Texts on this page

Gpb012.005 - sbyin sreg las kyi le'u