e-texts navigator
Collection
Volume
Page
Wylie

6b1 སེམས་ཅན་རྣམས་ཀྱིས་ཀྱང་། དེ་རྣམས་ཀྱི་འཁོར་རྣམས་བཏུལ་ཏེ། སྲིན་པོ་དེའི་དུར་ཁྲོད་གྲོང་ཁྱེར་གྱི་ཤར་ཕྱོགས་ན། སྲིན་མོ་ཆེན་མོ་ཀེང་རུས་ཐོད་ཡངས་མ་ཞེས་བྱ་བ། ཀེང་རུས་ཐོད་དུ་བཅིངས་ནས། ཞིང་གི
6b2 དབྱུག་པ་དང་། ཐོད་ཁྲག་ཐོགས་ནས། དུར་ཁྲོད་ཆེན་པོའི་ཁྲག་འཐུང་ཡུལ་ན་འཁོད་པ་ལ། བྱམས་པ་དང་ཞི་བའི་ཏིང་ངེ་འཛིན་གང་གིས་ཀྱང་མ་ཐུལ་བ་ལས། བྱང་ཆུབ་སེམས་དཔའ་སའི་སྙིང་པོས། ཁྲོ་མོ་ཀོའུ་རི
6b3 མར་སྤྲུལ་ཏེ། ལག་པ་གཡས་ན་ཞིང་གི་དབྱིག་པ་ཐོགས་པས། མོའི་དབྱིག་པ་དབང་དུ་བསྡུས། གཡོན་པ་བྷནྡྷ་རཀྟས་མོའི་ཐོད་ཁྲག་དབང་དུ་བསྡུས། སྐུ་དང་འོད་མེ་དཔུང་གིས་མོའི་འོད་ཟིལ་གྱིས་མནན་ནས།
6b4 སྲིན་མོ་དེས་བསམས་པ། བདག་པས་ཀྱང་མཐུ་བྱིན་ཆེ་བས་སྐྱབས་ཀྱང་བཙལ། བདག་དང་སྤྱོད་པ་ཆ་མཐུན་པས་ལུང་སྩལ་བ་ཡང་མཉན་ལ། བདག་དང་རིགས་གཅིག་པ་ཅིག་ཀྱང་གཟོད་འབྱུང་བསམས་པ་ལས།།
6b5 ཁྲོ་མོ་དེས་སྨྲས་པ། ཁྱོད་ཐོད་ཁྲག་དང་ཞིང་དབྱུག་ཐོགས་ནས་ཁྲག་འཐུང་བ་ལ་དོན་ཅི་ལྟ་བུ་ཞེས་སྨྲས་པ་ལས། སྲིན་མོ་དེས་གསོལ་པ། བདག་བཀྲེས་ཤིང་སྐོམ་པ་ལ་ཆོག་པའི་དུས་མེད་པས་འཚལ་ལོ།། ཞེས
6b6 གསོལ་ཏོ།། ཁྲོ་མོས་སྨྲས་པ། དེ་ལྟར་མ་ཡིན་ཏེ། ང་ཐོད་ཁྲག་ཐོགས་པ་ནི་ཉོན་མོངས་པ་ཁྲག་དང་འདྲ་བ་དེ་ཆོས་ཉིད་དུ་ཟད་པར་བྱེད་པའི་རྟགས་ཡིན་ལ། ཞིང་གི་དབྱིག་པ་ནི་མ་རིག་པ་བཅོམ་ནས་འཁོར་བ་རྡུལ




iiif viewer powered by OpenSeadragon

6a - 7a

Texts on this page

Gpb012.001 - dpal 'bar khro mo'i rgyud