| | e-texts navigator
|
5b1 དང་རྒྱུན་མི་འཆད་པར་བྱེད། གསོད་གཅོད་དང་མི་སྙན་པའི་དགྲ་དྲག་པོ་དུས་མེད་པར་གྲགས། ཤ་དང་རུས་པ་ནི་རི་ལྟར་སྤུངས། ཁྲག་དང་ཆུ་སེར་ནི་མཚོ་ལྟར་བསྐྱིལ། གཟུགས་དང་ཁོག་པ་ནི་རྫ་ལྟར་བསྙིལ།།
5b2 གསུང་དང་དུད་པའི་དྲི་བསུང་སྤྲིན་ལྟར་གཏིབས། ཧ་ཧ་དང་ཁ་ཁ་འབྲུག་ལྟར་བསྒྲག། མཚོན་ཆ་དང་རྣག་ཁྲག་ཆར་ལྟར་འབབ། གཞན་ཡང་སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སྲིན་མོ་ནད
5b3 གཏོང་མ་བརྒྱ་དང་། ལྕགས་ཀྱི་ཏིཥྛ་སྤྲུལ་པ་བཞི་ལ་སོགས་པ་བཏང་སྟེ། དང་པོ་དུད་འགྲོའི་གནས་བཞི་ལ། ནད་སྣ་ཚོགས་དང་། མཚོན་ཆ་སྣ་ཚོགས་བཏང་སྟེ་ཟོས། དེ་ནས་གླིང་བཞིའི་མི་ཟོས། དེ་བཞིན་དུ་འདོད
5b4 ཁམས་དང་། གཟུགས་དང་། གཟུགས་མེད་པའི་ཁམས་རིལ་དབང་དུ་སྡུས་ཤིང་ཟོས་ཏེ། ཐམས་ཅད་དུ་གསོད་པ་དང་། སྦྱོར་བའི་ལས་མཐའ་དག་གཙོར་སྤྱོད་ཅིང་། འབྲས་བུ་ངན་སོང་གསུམ་དང་མནར་མེད་པའི
5b5 ལས་སྣ་ཚོགས་པ་བསྒྲུབ་པ་ལ། འོག་མིན་ཆོས་ཀྱི་དབྱིངས་ནས། བདེ་བར་གཤེགས་པ་རྣམས་ཀྱིས་གཟིགས་ནས། ཤིན་ཏུ་ཉམ་ཐག་ཅིང་གོལ་བར་གཟིགས་ཏེ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དེ་དང་ཆ་མཐུན
5b6 སྤྲུལ་པར་མཛད་དེ། བཅོམ་ལྡན་འདས་ཡིད་བྱེད་པ་ཀུན་ཏུ་བཟང་པོས་ཁྲོ་བོ་ཐམས་ཅད་ཀྱི་མཆོག་ཧེ་རུ་ཀར་སྤྲུལ་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྐུ་ལ་ཚང་ཞིང་རྫོགས་ནས། ཁྱབ་ཅིང
iiif viewer powered by OpenSeadragon
5a - 6a