| | e-texts navigator
|
3b1 ལ་སོགས་པའི་དཔོན་བྱས་ཏེ་གཞན་ཚོམ་བུ་ལ་སོགས་པ་བསྡུས་ནས། བཀའ་བཞིན་དུ་ནི་གང་ཡང་མ་བྱས། ཕྲིན་ལས་ཀྱི་ལུང་འཆོལ་བ་སྣ་ཚོགས་པར་བྱས་པ་དང་། བདག་ཉིད་བསྒྲུབས་པའི་རང་རྩལ་མ་རྫོགས
3b2 པར་འཇིག་རྟེན་གྱི་ཁེ་གྲགས་དང་གཞན་ཐུབ་པར་འདོད་པའི་མཐུ་རྩལ་འདོད་པའི་ཕྱིར། མུ་སྟེགས་ལ་སོགས་པའི་ལོག་པའི་ཆོས་དང་། དེ་ལ་བརྟེན་པའི་གང་ཟག་གིས་འདོད་པ་ཚོལ་བའི་བཅོས་བུ་དང་། འཕྲལ
3b3 བསྡེབས་བྱས་ནས་དམ་མེད་པས། གཞན་ལ་བསླུས་པའི་འགལ་བ་ཆེན་པོ་ལ་ཁྲིམས་ཕྱུང་ནས། དང་དུ་ལེན་པར་བྱེད་པ་དང་། བདག་ཉིད་དངོས་གྲུབ་གསལ་བར་མ་ཐོབ་པར། གཞན་གྱིས་བཀུར་བར་འདོད་པ
3b4 དང་། བཙུན་ཞིང་མཁས་པར་འདོད་པའི་ཕྱིར། ལུང་ལས་བཏུས་པ་དང་། ཡིད་ལས་བྱུང་བའི་སྙན་ངག་ཏུ་སྡེབ་སྦྱོར་བྱས་ནས། གཞན་ལ་འཆད་ཅིང་སྟོན་པར་བྱེད། བདག་ཉིད་རྒྱལ་བའི་བཀའ་བརྒྱུད་གསལ་བར
3b5 མ་གྱུར་པས། གཞན་ལས་བདག་ཉིད་ཆུང་བར་མཐོང་བས། བདག་ཉིད་ཀྱིས་ཕྱོགས་བསྡུས་ནས་གཞན་དང་རིས་སུ་བཅད་ནས། བཀའ་འདི་ལས་ལྷག་པ་གཞན་ན་མེད་དོ།། ཞེས་སྨྲ་བར་བྱེད་ཅིང་དེའི་སྡེ་དང
3b6 འཁོར་གྱིས་ཀྱང་དེ་བཞིན་དུ་རང་རང་གི་རིས་བཟུང་ཞིང་ཆེ་བར་ཕྱུང་ནས། གསང་བའི་དོན་བློ་ལ་མ་སོན་པས་སྨྲ་བའི་རྒྱུ་ཆུང་བས། གསང་བ་སྐད་སྨྲ་ཞིང་ཉོན་མོངས་པའི་མཐུ་གཏིང་བརྟས་པར་བྱེད་པ་དང་།
iiif viewer powered by OpenSeadragon
3a - 4a