e-texts navigator
Collection
Volume
Page
Wylie

3a1 སྐྱེས་ནས། དེ་ལས་འཆི་ན་ཡང་སླར་ལུས་དེ་ཉིད་ལེན་ཅིང་བསྐལ་པ་ཡུན་རིང་བར་གནས་པ་དང་། དེ་བཞིན་དུ་མི་དང་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་འཆི་འཕོ་བ་དང་། འཐབ་ཅིང་རྩོད་པ་དང་།
3a2 འགྱུར་བའི་སྡུག་བསྔལ་ལ་སོགས་པ་ཉམས་སུ་མྱོང་ཞིང་འཁོར་རོ།། འཁྲུལ་པ་ལ་ལས་བསྟན་ཅིང་བསྒྲག་པ་དང་། བསྒོམ་ཞིང་བསྒྲུབ་པར་བྱ་བ་རྣམས་ནི། བདག་གིས་མ་རྟོགས་ཤིང་གཞན་ལ་མ་ཁྲོལ་བར་བྱས།།
3a3 གསང་ཞིང་སྦ་བ་དང་ཐབས་ཀྱིས་སྤྱོད་པ་རྣམས་ནི། བདག་གི་ངོ་མཐོན་དང་གསང་མཚམས་མེད་པར་སྤྱད་ལ། གཞན་ལ་ཡང་དེ་ལྟར་བསྟན་ཅིང་དེ་བཞིན་དུ་བསྒོམ་སྟེ། ལྟ་བས་མཆོད་པ་ཐམས་ཅད་ལ་བསྒོམ་པ
3a4 དང་། བསྒོམས་པས་མ་ཆོད་པར་ཅི་ལ་ཡང་འཇུག་པ་དང་། བསྒྲུབ་པ་མཐར་མ་ཕྱིན་པར་ལས་རྣམ་པ་སྣ་ཚོགས་པ་བརྩམས་ཏེ། བདག་ཉིད་ཕུང་པོ་ལྷའི་དཀྱིལ་འཁོར་དུ་སྒྲོལ་མ་ཤེས་པར། སེམས་ཅན་གཞན་ལ
3a5 ངོན་སྤྱོད་ཀྱིས་སྒལ་བའི་ལས་ལ་བབ་ཅོལ་བར་བྱས་པ་དང་། བདག་ཉིད་སེམས་ཀྱི་ཆོས་ཉིད་མ་སྐྱེས་པ་ལ། རྟོགས་པའི་ཡེ་ཤེས་སྦྱོར་མ་ཤེས་པར། གཞན་ཡིད་དུ་འོང་བ་ལ་གླགས་ལ་བབ་པ་དང་། ཐབས་འོག
3a6 ཏུ་ཆུད་པ་དང་། རྡོ་རྗེ་གཡོས་པའི་དབང་གིས། མོའི་རིགས་སྣང་སྣང་ལ་སྦྱོར་བའི་ལས་བབ་ཅོལ་བྱས་པ་དང་། བདག་ཉིད་བསྒོམ་པའི་ཏིང་འཛིན་མ་གསལ་བར། གཞན་དྲང་བར་འདོད་པའི་ཕྱིར། དཀྱིལ་འཁོར




iiif viewer powered by OpenSeadragon

2b - 3b

Texts on this page

Gpb012.001 - dpal 'bar khro mo'i rgyud