e-texts navigator
Collection
Volume
Page
Wylie

2b1 སྣང་བ་ནུབ་པར་གྱུར་ཏོ།། རྟོགས་པའི་དབང་གིས་ལས་སྣ་ཚོགས་ཡང་སྣང་བར་གྱུར་ཏོ།། ཉོན་མོངས་པའི་དབང་གིས་འདུ་བྱེད་སྣ་ཚོགས་པར་སྣང་བར་གྱུར་ཏོ།། ཕྱིན་ཅི་ལོག་གི་དབང་གིས་གོལ་བ་སྣ་ཚོགས་སུ
2b2 གྱུར་ཏོ།། འཁྲུལ་པའི་དབང་གིས་རྒྱུ་འབྲས་སྣ་ཚོགས་སུ་གྱུར་ཏོ།། སྡིག་པའི་དབང་གིས་སྡུག་བསྔལ་སྣ་ཚོགས་སུ་གྱུར་ཏོ།། ལས་ཀྱི་དབང་གིས་ཉོན་མོངས་ཤིང་མྱང་བ་སྣ་ཚོགས་སུ་གྱུར་ཏོ།། དེ་དག་ཀྱང་གང་ཞེ་ན།།
2b3 འདི་ལྟ་སྟེ། འཁྲུལ་པ་ལ་ལས་རྩ་བ་དང་ཡན་ལག་གི་དམ་ཚིག་མི་འདའ་བའི་ཆོས་ཉིད་ལ། འདའ་བར་བྱར་མེད་པ་ལ། རྡོ་རྗེ་སློབ་དཔོན་ལ་སོགས་པ་ལ་མི་རིགས་ཤིང་འདའ་བའི་ལས་བྱས་པས། འཇིག་རྟེན་གྱི
2b4 ཁམས་འདིར་ཡིད་དུ་མི་འོང་བ་ལ་སོགས་པ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་ནས། མནར་མེད་པའི་དམྱལ་བ་ལ་སོགས་པར་སྡུག་བསྔལ་སྣ་ཚོགས་ལས་ནམ་ཡང་ཐར་པའི་དུས་མེད་པར་སྐྱེས་པ་དང་། འཁྲུལ་པ་ལ
2b5 ལས་འདོད་པ་དང་། ལོངས་སྤྱོད་ལ་ཆགས་པའི་དབང་གིས་མཆོད་པ་དང་རྒྱུ་རྐྱེན་ལ་སོགས་པ་རྣམས་ལ། བརྐམ་ཆགས་སྣ་ཚོགས་པར་སྤྱད་པའི་དབང་གིས། ཡི་དྭགས་ལ་སོགས་པའི་གནས་སུ་ཡུན་རིང་བར
2b6 འཁོད་པ་དང་། འཁྲུལ་པ་ལ་ལས་གཏི་མུག་གི་དབང་གིས། དེ་བཞིན་གཤེགས་པའི་སྐུ་ལ་ཐུག་ཐུབ་ཏུ་སྤྱད་པ་དང་། ཐམས་ཅད་མ་རྟོགས་པའི་དབང་གིས་བབ་ཅོལ་དུ་གྱུར་པས། བྱོ་ལ་སོང་ལ་སོགས་པའི་གནས་སུ




iiif viewer powered by OpenSeadragon

2a - 3a

Texts on this page

Gpb012.001 - dpal 'bar khro mo'i rgyud