e-texts navigator
Collection
Volume
Page
Wylie

2a1 དབྱིངས་དང་ཡེ་ཤེས་དགའ་བ་དང་བདེ་བའི་ལོངས་སྤྱོད་ཆེན་པོར་རོལ་པ་ཡིན་ལ། མི་རོལ་ན་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་ལ། གང་ལ་ཡང་མ་ཆགས་གང་ལ་ཡང་མི
2a2 འཛིན། གང་ལ་ཡང་མི་གནས་པ་ཡིན་པས། མ་རིག་པའི་དབང་གིས་རྟོག་པའི་རིགས་བསམ་གྱིས་མི་ཁྱབ་པར་སྣང་བས། དཔེར་ན་ནམ་མཁའ་ལ་འདི་ཞེས་གཟུང་རྒྱུ་མེད་པ་ལ། མིག
2a3 ནད་ཅན་ལ་སོགས་པ་འཁྲུལ་པའི་དབང་གིས་ཇི་ལྟར་ཡང་སྣང་ལ། སྣང་བའི་དབང་གིས་ཐ་དད་པར་སྣང་བ་བཞིན་དུ། ཡང་དག་པའི་ཆོས་ཉིད་ལ། གང་ཡང་གྲུབ་པ་མེད་པ་ལ། ལོག
2a4 པ་དང་འཁྲུལ་པའི་དབང་གིས་སོ་སོར་སྣང་སྟེ། ཆོས་ཉིད་སྣང་བ་མ་རྟོགས་པས་མ་རིག་པའི་དབང་དུ་གྱུར་ལ། མ་རིག་པའི་དབང་གིས་མུན་པའི་སྨག་བཞིན་འཐིབས་པས། ཡེ་ཤེས་ཀྱི




iiif viewer powered by OpenSeadragon

1b - 2b

Texts on this page

Gpb012.001 - dpal 'bar khro mo'i rgyud