| | e-texts navigator
|
231a1 ལུས་ཐོགས།། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས།། ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་།། ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན།། སྒྱུ་མའི་དཀྱིལ་འཁོར
231a2 སྒྲོལ་བ་ཡི།། བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད།། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ།། ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས།། རང་བྱུང་ཀུན་དམ་ལྷུན་གྱིས་གྲུབ།། འདི་ནི་སངས
231a3 རྒྱས་ཐམས་ཅད་ཀྱིས།། འདའ་བར་མི་མཛད་དམ་ཚིག་མཆོག། གང་ཞིག་འདི་ལ་མོས་གྱུར་ན།། སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས།། ཕྱོགས་དུས་ཀུན་ནས་ཐམས་ཅད་དུ།། དཀྱིལ་འཁོར་མ
231a4 ལུས་བསྙེན་པ་ཡི།། ཉེ་བའི་སྲས་སུ་དགོངས་པར་འགྱུར།། བསྐལ་པ་ཞིང་གི་རྡུལ་སྙེད་དུ།། ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་།། དཀྱིལ་འཁོར་མ་ལུས་བསྙེན་པ་ཡི།། འབྲས་བུ་གསང་ཆེན་འདི་ཡིན་ཏེ།། འཇིག
231a5 རྟེན་དྲུག་གི་ཕྱོགས་བཅུ་ན།། འདས་དང་ད་ལྟར་བྱུང་བ་ཡི།། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ།། བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས།། འབྱུང་དང་མ་འོངས་ཐམས་ཅད་ཀུན།། འདི་ཡིས་ལྷུན་གྱིས་གྲུབ་པར
231a6 འགྱུར།། འདི་ནི་གསང་ཆེན་ངེས་པ་ཡི།། འབྲས་བུ་ལམ་དུ་གྱུར་པ་ཡིན།། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ།། འདི་ལས་གསང་བའི་ངེས་དོན་མེད།། བཙལ་ཀྱང་རྒྱལ་བས་མི་བརྙེས་སོ།། ཀུན་གྱི་ཕྱག་རྒྱ་ཆེན་པོ
iiif viewer powered by OpenSeadragon
230b - 231b