e-texts navigator
Collection
Volume
Page
Wylie

221b1 ཆེ་ཡི་གཞི།། མཛེས་པར་བྲི་ཞིང་སྤྲས་པ་དང་།། ཀུན་འབྱུང་རིན་ཆེན་ཕུང་པོ་འབར།། དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ།། རིན་ཆེན་ཁང་པ་སྣ་ཚོགས་དང་།། རྒྱན་དང་དཔག་བསམ་ལྗོན་ཤིང་ཚལ།། གླུ
221b2 དབྱངས་ཚིགས་སུ་བཅད་པའི་སྒྲ།། བླ་རེ་རྒྱལ་མཚན་ན་བཟའ་གདུགས།། དོ་ཤལ་དཔུང་རྒྱན་སེ་མོ་དོ།། བཟའ་དང་བཏུང་བའི་མཆོག་རྣམས་དང་།། རང་ལ་མཛེས་པར་བརྒྱན་པ་ཡི།། ལྷ་དང་ལྷ་མོར་རྡུལ་སྙེད
221b3 ཀྱི།། བྲོ་གར་ལ་སོགས་བསམ་ཡས་ཀྱིས།། ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས།། དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ།། སྐལ་ལྡན་གསལ་བའི་ཁྱད་པར་གྱིས།། རིམ་གྱིས་ཡང་ན་ཅིག་ཆར་དུ།། ཆོས་ཀྱི
221b4 དབྱིངས་དང་མཉམ་སྦྱོར་ཞིང་།། མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ།། གསལ་ལྡན་མའམ་བྱིན་བརླབས་ལ།། སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དུ།། དབྱིངས་ན་དཀྱིལ་འཁོར་སྤྱན་དྲངས་མཆོད།། མཉེས་ནས
221b5 གྲུབ་པའི་དམ་ཚིག་མཆོག། བདག་ཉིད་ཆེན་པོ་མཆོད་པ་ཡིས།། སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས།། སྲིད་གསུམ་འགྲོ་བ་ཐམས་ཅད་ལ།། དགའ་བ་ཆེན་པོས་ཁྱབ་པར་འགྱུར།། སྒྱུ་འཕྲུལ་དྲ་བ་བརྟེན་པ
221b6 ཡིས།། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི།། སངས་རྒྱས་དཀྱིལ་འཁོར་མ་ལུས་དང་།། ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར།། ལུས་ངག་སེམས་དང་ཆོས་ཐམས་ཅད།། གང་ནའང་མི་གནས་མི་དམིགས




iiif viewer powered by OpenSeadragon

221a - 222a

Texts on this page

Gpb012.014 - gsang ba'i snying po de kho na nyid nges pa