e-texts navigator
Collection
Volume
Page
Wylie

209a1 ཉིད་དབྱིངས་ལས་གཡོས་པ་མེད།། མ་གཡོས་བཞིན་དུ་སྣ་ཚོགས་པའི།། དེའི་ཚེ་མི་མཐུན་སྣ་ཚོགས་ལ།། སོ་སོར་འདྲ་བར་སྣང་བ་ནི།། དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་།། ལས་འཕྲོའི་དབང་གིས
209a2 སོ་སོར་སྣང་།། དངས་མ་དཀར་དང་ཆུ་ཟླ་བཞིན།། དེ་ཚེ་འགྲོ་དྲུག་ཐམས་ཅད་ལ།། སྡིག་སྤོང་གཟུགས་སུ་རྣམ་པར་བསྟན།། དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས།། རང་རྒྱལ་རྣམས་ལ་བསེ་རུའི་ཚུལ།། གཞན
209a3 ཡང་ཐེག་མཆོག་རིམ་པ་བཞིན།། འོག་མིན་བླ་མེད་གནས་མཆོག་ཏུ།། སྐུ་ནི་རྣམ་པར་སྣང་མཛད་ཚུལ།། བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ།། དེ་བཞིན་གསུང་མཆོག་མི་སྨྲ་སྟེ།། སྐུ་ཡིས་ཆོས་རྣམས་འཇལ
209a4 བར་སྟོན།། མེ་ལོང་བསྟན་པའི་ཚུལ་བཞིན་དུ།། དངོས་ཀྱི་མདོག་ངན་ཐམས་ཅད་སེལ།། འཁོར་གྱིས་དེ་བཞིན་སྐུ་བལྟས་ན།། བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད།། མེ་ལོང་བཞིན་དུ་སྐུ་ལ་སྣང་།། དེ་ནས་ས་བཅུ
209a5 རིམ་གྱིས་འབྱང་།། བླ་མེད་ཡང་དག་བྱང་ཆུབ་འཐོབ།། ཆོས་སྐུ་དཔག་མེད་བརྗོད་དུ་མེད།། ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར།། སྤྲུལ་པ་བྱེ་བ་བསམ་མི་ཁྱབ།། མཚན་དང་དཔེ་བྱད་ཐམས་ཅད་རྫོགས།། སྤྱོད
209a6 ཡུལ་ཀུན་ཏུ་མཎྜལ།། ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ།། ཐབས་དང་ཤེས་རབ་ས་ཡི་མཆོག། དེ་ལ་སོགས་ཏེ་བསམ་ཡས་མཆོག། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ།། ཉོན་མོངས་ཀུན་གྱི་ཞིང་དུ་གནས།། ཟད




iiif viewer powered by OpenSeadragon

208b - 209b

Texts on this page

Gpb012.014 - gsang ba'i snying po de kho na nyid nges pa