| | e-texts navigator
|
208b1 ཕུང་བཞིན།། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན།། སེང་གེ་གླང་ཆེན་རྟ་དང་ཁྱུང་།། ནམ་མཁའ་ལྡིང་གི་ཁྲི་ཆེན་ལ།། ཉི་ཟླ་པདྨ་རིན་པོ་ཆེ།། གདན་ལ་རྫོགས་དང་སེམས་དཔའི་ཚུལ།། འཁོར་ལོ་རྒྱལ་པོ
208b2 རྒྱལ་མོ་དང་།། གཡས་ནས་མཐོང་ཐོས་སྣོམ་པ་དང་།། མྱོང་དང་བཙུན་མོའི་ཚོགས་སུ་བཅས།། གྲུ་ཆད་ལ་ནི་མཐོང་བྱེད་དང་།། ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས།། བཙུན་མོ་དང་ཡང་ལྡན་པར་གནས།། བར
208b3 ཁྱམས་ལ་ནི་ཐུབ་དྲུག་དང་།། མདུན་དང་རྒྱབ་ཏུ་བྱེད་པ་དང་།། བྱ་བ་དག་ནི་གནས་པར་བསྟན།། སྒོ་ཁྱུད་བཞི་ལ་འཇོམས་པ་ནི། བཙུན་མོའི་ཚོགས་དང་ལྡན་པར་གནས།། རྡོ་རྗེ་འཁོར་ལོ་རིན་པོ་ཆེ།། པདྨ་རལ་གྲི
208b4 དྲིལ་བུ་འབར།། ཨུཏྤལ་ཀླུ་ཤིང་ལ་སོགས་མཚན།། མཛེས་ཚུལ་མཉེས་པའི་མཆོད་པ་འཛིན།། མཐིང་ག་དཀར་པོ་སེར་ལེབ་རྒན།། ལྗང་གུ་ལ་སོགས་སྣ་ཚོགས་པའི།། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ
208b5 ཅན།། གསལ་འཚེར་ལྷུན་སྟུག་གཟི་བྱིན་ཅན།། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ།། འབར་བའི་ཕྲེང་བས་འཁྱིལ་བ་སྟེ།། མཐའ་དབུས་མེད་པར་ཁྱབ་པ་ཡི།། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ།། སྐུ་ཡི
208b6 ཕྱག་རྒྱ་ཆེ་མཆོག་ནི།། དེ་བཞིན་དབྱིངས་ལས་མ་གཡོས་ཀྱང་།། ཡང་དག་ཐར་པའི་གཟུགས་སྐུ་དང་།། འགྲོ་བ་མ་ལུས་འདུལ་བའི་ཕྱིར།། མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན།། ཁ་དོག་སོ་སོར་མིག་ཡོར་ཚུལ།། ཚུལ
iiif viewer powered by OpenSeadragon
208a - 209a