| | e-texts navigator
|
201a1 པ་ཐམས་ཅད་ཀྱི་གསུངས་པ་ཡང་། དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ
201a2 བཞི་པའོ།། །། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་འགྲོ་བ་ཐམས་ཅད་ལ་རང་བཞིན་གྱི་དཀྱིལ་འཁོར་ཡོད་པར་བསྟན་པ་དང་། རིགས་རྒྱུད་དྲུག་ཏུ་ཡང་བཤད། དེ་ལ་ཆོས
201a3 ཉིད་ཀྱི་རིགས་ནི་ཐམས་ཅད་ཀུན་ལ་ཡང་ཡོད་དོ།། ནམ་མཁས་ཀྱང་ཀུན་ལ་ཁྱབ་པར་གནས་སོ།། དེ་ལྟར་ཆོས་ཀྱི་དབྱིངས་དང་། ནམ་མཁའ་ཀུན་ལ་ཁྱབ་ཀྱང་། མངོན་པར་ཐར་པའི་དོན་མ་རྟོགས་ན། མེ་ལོང
201a4 གཡས་གཡོགས་པ་དང་འདྲ་སྟེ། གཟུགས་བརྙན་སྣང་བའི་བྱ་བ་བྱེད་མི་ནུས་སོ།། ཞེས་གསུངས་ནས། ཡང་འདི་སྐད་རྡོ་རྗེ་འཆང་གིས་གསུངས་སོ།། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི།། རྒྱ་མཚོ་ཆེན་པོར
201a5 ཆུ་ཀླུང་ཀུན་འབབ་ལྟར།། བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ།། རྣམ་ཐར་ཐེག་པ་མ་ལུས་མཐའ་ཡས་འདུས།། ཨ་ཧོ།། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི།། ས་བཅུ་རིམ་གྱིས་བསྒོམ་པའི
201a6 རྣལ་འབྱོར་པ།། སངས་རྒྱས་སར་འགྲོ་གོ་འཕང་འཐོབ་པའི་ལམ།། བདེན་པ་གཉིས་ཀྱི་ས་རབ་ཐོབ་པར་འགྱུར།། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་པའི།། དངོས་པོ་གཟུགས་ལ་ཐོགས་མེད་རབ་ཏུ
iiif viewer powered by OpenSeadragon
200b - 201b