e-texts navigator
Collection
Volume
Page
Wylie

1b1 རྒྱ་གར་སྐད་དུ། ཤྲཱི་ཛ་ལ་ཀྲོ་དྷི་ཏནྟྲ། བོད་སྐད་དུ། དཔལ་འབར་ཁྲོ་མོའི་རྒྱུད། བཅོམ་ལྡན་འདས་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་ནས་བཤད་པའི
1b2 དུས་གཅིག་ན།། ཇི་ལྟར་སྣང་ཞིང་སྲིད་པ་དང་། མཐོང་ཞིང་ཐོས་པ་དང་། བསྟན་ཅིང་རྟོགས་པ་འདི་དག་ཐམས་ཅད། ཡེ་ནས་མ་གཡོས་ཤིང་། བཅོས་པ་མེད་པའི་ཆོས་ཉིད་ལ། སྣང
1b3 བ་ནི་ལྷ་དང་ལྷ་མོའི་སྐུ་གསུང་ཐུགས། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་སྣང་ལ། མི་སྣང་ན་དངོས་པོ་དང་མཚན་མ་དང་། གཟུང་འཛིན་དང་རྟག་ཆད་དུ་མི་སྣང་བ་ཡིན་ལ། ཡོད་ན་ནི
1b4 སེམས་ཀྱི་ཡེ་ཤེས་གསལ་ལ་མ་བསྒྲིབས་པར་སངས་རྒྱས་པར་ཡོད་ལ། མེད་ན་གཉིས་སུ་སྣང་བ་དང་། ཕྱོགས་དང་རིས་སུ་ཕྱེ་བ་མེད་པ་ཡིན་ལ། རོལ་ན་ཐབས་དང་ཤེས་རབ




iiif viewer powered by OpenSeadragon

1a - 2a

Texts on this page

Gpb012.001 - dpal 'bar khro mo'i rgyud