e-texts navigator
Collection
Volume
Page
Wylie

187b1 མཆོག། ཕྱག་བྱར་འོས་པ་བླ་མའི་རབ།། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད།། མཁའ་ལྟར་མཐའ་མེད་རྣམ་པར་གནོན།། གསུམ་རིག་གཙང་མ་དག་པ་སྟེ།། མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག། བྱང་ཆུབ
187b2 སེམས་དཔའ་སེམས་དཔའ་ཆེ།། རྫུ་འཕྲུལ་ཆེན་པོའི་འཇིག་རྟེན་འདས།། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ།། ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ།། བདག་རིག་གཞན་རིག་ཐམས་ཅད་པ།། ཀུན་ལ་ཕན་པའི་གང་ཟག
187b3 མཆོག། དཔེར་བྱ་ཀུན་ལས་འདས་པ་སྟེ།། ཤེས་དང་ཤེས་བྱའི་བདག་པོ་མཆོག། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ།། ཕྱག་རྒྱ་བཞི་པོའི་དོན་སྟོན་པ།། འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག། ངེས་འབྱུང་གསུམ་པོ
187b4 བགྲོད་རྣམས་ཀྱི།། དོན་གྱི་དམ་པ་རྣམ་དག་དཔལ།། འཇིག་རྟེན་གསུམ་ན་སྐལ་བཟང་ཆེ།། དཔལ་ལྡན་འབྱོར་པ་ཀུན་བྱེད་པ།། འཇམ་དཔལ་དཔལ་དང་ལྡན་པའི་མཆོག། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད
187b5 འདུད།། ཡང་དག་མཐར་འགྱུར་ཁྱོད་ལ་འདུད།། སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད།། སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད།། སངས་རྒྱས་ཆགས་པ་ཁྱོད་པ་འདུད།། སངས་རྒྱས་འདོད་ལ་ཕྱག་འཚལ་འདུད།། སངས
187b6 རྒྱས་དགྱེས་པ་ཁྱོད་ལ་འདུད།། སངས་རྒྱས་རོལ་ལ་ཕྱག་འཚལ་འདུད།། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད།། སངས་རྒྱས་བཞད་ལ་ཕྱག་འཚལ་འདུད།། སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད།། སངས




iiif viewer powered by OpenSeadragon

187a - 188a

Texts on this page

Gpb012.013 - 'phags pa 'jam dpal gyi mtshan yang dag par brjod pa