e-texts navigator
Collection
Volume
Page
Wylie

187a1 དོན་ཀུན་སྐྱེད་པ་པོ།། ཐིག་ལེ་ཆེན་པོ་ཡི་གེ་མེད།། སྟོང་པ་ཆེན་པོ་ཡི་གེ་ལྔ།། ཐིག་ལེ་སྟོང་པ་ཡི་གེ་བརྒྱ།། རྣམ་པ་ཀུན་ལྡན་རྣམ་པ་མེད།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན།། ཡན་ལག་མེད་པའི་རྩིས
187a2 ལས་འདས།། བསམ་གཏན་བཞི་པའི་རྩེ་མོ་ཅན།། བསམ་གཏན་ཡན་ལག་ཀུན་ཤེས་ཤིང་།། ཏིང་འཛིན་རིགས་དང་རྒྱུད་རིག་པ།། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ།། སྤྲུལ
187a3 པའི་སྐུ་སྟེ་སྐུ་ཡི་མཆོག། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ།། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད།། ཇི་བཞིན་འགྲོ་བའི་དོན་བྱེད་པ།། ལྷ་དང་ལྷ་དབང་ལྷ་ཡི་ལྷ།། ལྷ་ཡི་དབང་པོ་ལྷ་མིན་བདག། འཆི་མེད
187a4 དབང་པོ་ལྷ་ཡི་བླ།། འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་གོ། སྲིད་པའི་དགོན་པ་ལས་བརྒལ་བ།། སྟོན་པ་གཅིག་པུ་འགྲོ་བའི་བླ།། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ།། ཆོས་ཀྱི་སྦྱིན་བདག་ཆེ་བ
187a5 པོ།། བྱམས་པའི་གོ་ཆ་ཆས་པ་སྟེ།། སྙིང་རྗེ་ཡི་ནི་ཡ་ལད་བགོས།། ཤེས་རབ་རལ་གྲི་མདའ་གཞུ་ཐོགས།། ཉོན་མོངས་མི་ཤེས་གཡུལ་ངོ་སེལ།། དཔའ་བོ་བདུད་དགྲ་བདུད་འདུལ་བ།། བདུད་བཞིའི་འཇིགས་པ
187a6 སེལ་བར་བྱེད།། བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ།། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན།། མཆོད་འོས་བསྟོད་འོས་ཕྱག་གི་གནས།། རྟག་ཏུ་རི་མོར་བྱ་བའི་འོས།། བཀུར་འོས་རྗེད་པར་བྱ་བའི




iiif viewer powered by OpenSeadragon

186b - 187b

Texts on this page

Gpb012.013 - 'phags pa 'jam dpal gyi mtshan yang dag par brjod pa