| | e-texts navigator
|
186b1 འབྱུང་ལ།། ཐེག་པ་གཅིག་གིས་འབྲས་བུར་གནས།། ཉོན་མོངས་ཁམས་རྣམས་དག་པའི་བདག། ལས་ཀྱི་ཁམས་རྣམས་ཟད་བྱེད་པ།། ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ།། སྦྱོར་བའི་དགོན་པ་ལས་བྱུང་བ།། ཉོན
186b2 མོངས་ཉེ་བའི་ཀུན་ཉོན་མོངས།། བག་ཆགས་བཅས་པ་གཏན་སྤངས་པ།། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས།། དོན་ཡོད་འགྲོ་བའི་དོན་བྱེད་པ།། འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་།། རྣམ་ཤེས་དོན་ནི་འགག་པར
186b3 བྱེད།། སེམས་ཅན་ཀུན་ཡིད་ཡུལ་དང་ལྡན།། སེམས་ཅན་ཀུན་གྱི་ཡིད་རིག་པ།། སེམས་ཅན་ཀུན་གྱི་ཡིད་ལ་གནས།། དེ་དག་སེམས་དང་མཐུན་པར་འཇུག། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད།། སེམས་ཅན་ཀུན
186b4 གྱི་ཡིད་དགའ་བ།། གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད།། ནོར་བ་ཐམས་ཅད་རྣམ་པར་སྤངས།། དོན་གསུམ་ཐེ་ཚོམ་མེད་པའི་བློ།། ཀུན་དོན་ཡོན་ཏན་གསུམ་གྱི་བདག། ཕུང་པོ་ལྔ་དོན་དུས་གསུམ་དུ།། སྐད
186b5 ཅིག་ཐམས་ཅད་བྱེ་བྲག་བྱེད།། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས།། སངས་རྒྱས་ཀུན་གྱི་རང་བཞིན་འཆང་།། ལུས་མེད་ལུས་ཏེ་ལུས་ཀྱི་མཆོད།། ལུས་ཀྱི་མཐའ་ནི་རྟོགས་པ་པོ།། གཟུགས་རྣམས་སྣ་ཚོགས
186b6 ཀུན་ཏུ་སྟོན།། ནོར་བུ་ཆེན་པོ་རིན་ཆེན་ཏོག། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ།། སངས་རྒྱས་བྱང་ཆུབ་བླ་ན་མེད།། གསང་སྔགས་ལས་བྱུང་ཡི་གེ་མེད།། གསང་སྔགས་ཆེན་པོ་རིགས་གསུམ་པ།། གསང་སྔགས
iiif viewer powered by OpenSeadragon
186a - 187a